བོད།

མཛོད་དགེ་བ་བན་དེ་མཁར་གྱིས་རང་སྲེག་ངོ་རྒོལ།

པར་གཞིའི་ཚད། - +
ཕྱི་ཟླ་༡༡་ཚེས་༢༨་དགོང་མོར་བོད་ནང་གི་ཆུ་ཚོད་༧་པ་ཡས་མས་སུ་རང་ལོ་༢༡་ལ་སོན་པའི་མཛོད་དགེ་བ་བན་དེ་མཁར་གྱིས་རང་ལུས་མེར་སྲེག་བཏང་སྟེ། རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས་པ་དང་པཎ་ཆེན་སྐུ་ཕྲེང་༡༡་པ་བཙོན་ཁང་ནས་གློད་གྲོལ་གཏོང་དགོས། བོད་ལ་རང་དབང་དགོས། སྐད་ཡིག་དང་ཆོས་དད་རང་དབང་དགོས། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཞེས་སྐད་འབོད་བྱས་འདུག་ཅིང་། ཐོག་མའི་འཆར་གཞི་ལྟར་ན་བན་དེ་མཁར་གྱིས་གཙོད་གྲོང་ཁྱེར་དུ་རྒྱ་གཞུང་གི་ལས་ཁུངས་ཤིག་གི་མདུན་དུ་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱ་འཆར་ཡོད་ཀྱང་། དེང་སྐབས་གཙོད་གྲོང་ཁྱེར་ལ་དམ་དྲག་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། རང་སྲེག་ངོ་རྒོལ་བ་བན་དེ་མཁར་གཙོད་གྲོང་ཁྱེར་དུ་མ་ཐར་པར་གྲོང་ཁྱེར་གྱི་མཐའ་མཚམས་ཤིག་ཏུ་རང་ལུས་མེར་སྲེག་བཏང་ཞིང་། སྐབས་དེར་རང་སྲེག་ངོ་རྒོལ་བ་བན་དེ་མཁར་འདས་གྲོངས་སུ་ཕྱིན་མེད་པ་དང་། གྲོང་མཐའི་བོད་མི་ཚོས་མེ་འཚིག་ཐེབས་པའི་བན་དེ་མཁར་གྱི་ཕུང་པོ་མཛོད་དགེ་རྐང་ཚ་སྡེ་བའི་རང་ཁྱིམ་ལ་སྐྱེལ་བ་སྟེ། མཚན་གྱི་ཆུ་ཚོད་གཉིས་པ་ཙམ་ལ་བན་དེ་མཁར་གྱིས་མིག་ཕྱེ་ནས་ “ང་གང་དུ་ཡོད་པ་རེད་དམ་ཞེས་དྲིས་པ་དང་། བཟའ་མི་ཚོས་ཁྱོད་རང་ཁྱིམ་ལ་ཡོད་ཅེས་ལན་འདེབས་བྱས་པ་མ་ཟད། ཁོང་གིས་དེ་ལ་ང་རང་ཁྱིམ་ལ་བསླེབས་པ་རེད་དམ་” ཞེས་བསྐྱར་དུ་དྲིས་ཏེ་སྐར་མ་ལྔའི་རྗེས་སུ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་པ་དང་། རང་སྲེག་ངོ་རྒོལ་བ་བན་དེ་མཁར་ལ་ཕ་ཚེ་རིང་ཐར་དང་མ་ཀུན་བཟང་སྒྲོལ་མ། གཅེན་པོ་བྱམས་པ་དང་གཅུང་པོ་སངས་རྒྱས་དོན་གྲུབ། རང་སྲེང་ངོ་རྒོལ་བ་བན་དེ་མཁར་བུ་སྤུན་གསུམ་གྱི་ནང་གི་འབྲིང་བ་དེ་ཡིན་འདུག་པ་དང་། ཁོང་གི་སྐྱེས་ཡུལ་གྲོང་སྡེའི་མིང་ལ་རྐང་ཚའི་ཡར་ཀི་སོག་སྡེ་ཟེར། ད་ལྟ་རྒྱ་ནག་གཞུང་གིས་མཛོད་དགེ་སྟོད་སྨད་ཡོངས་ལ་དམག་དང་དྲག་ཆས་ཉེན་རྟོག་པ་བཀྲམ་ནས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག
མཛོད་དགེ་བ་བན་དེ་མཁར་གྱིས་རང་སྲེག་ངོ་རྒོལ།
Self-Immolation in Amdo Dzod-Gyei
|| 0:00:00
...
 
🔇
X
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་ ༤ ཚེས་༢༤i
X
24.04.2014
པཎ་ཆེན་གྱི་སྐུ་ཕྲེང་༡༡་པའི་འཁྲུངས་སྐར། ཉི་ཧོང་དུ་སྲུང་སྐྱོབ་ཆིངས་ཡིག་སྐོར་གསུངས་པ། གཅིག་སྒྲིལ་གྱི་གཞུང་འཛུགས་རྒྱུར་སྐྱོན་འཛུགས། ར་ཤི་ཡར་གྲོས་མཐུན་མི་སྲུང་བར་སྐྱོན་བརྗོད།
བརྙན་འཕྲིན།

བརྙན་འཕྲིན། དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་ ༤ ཚེས་༢༤

པཎ་ཆེན་གྱི་སྐུ་ཕྲེང་༡༡་པའི་འཁྲུངས་སྐར། ཉི་ཧོང་དུ་སྲུང་སྐྱོབ་ཆིངས་ཡིག་སྐོར་གསུངས་པ། གཅིག་སྒྲིལ་གྱི་གཞུང་འཛུགས་རྒྱུར་སྐྱོན་འཛུགས། ར་ཤི་ཡར་གྲོས་མཐུན་མི་སྲུང་བར་སྐྱོན་བརྗོད།
བརྙན་འཕྲིན།

བརྙན་འཕྲིན། དཔྱད་ཞིབ། ༢༠༡༤ ཟླ་ ༤ ཚེས་༢༣

དཔྱད་ཞིབ། ༢༠༡༤ ཟླ་ ༤ ཚེས་༢༣
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་ཤོས།

བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༤ ཚེས་༢༣

ཨ་རིའི་ཨེ་ཤ་ཡའི་སྲིད་ཇུས་དང་རྒྱ་ནག་གི་འབྲེལ་བ། རང་ལུས་མེར་སྲེག་དང་འབྲེལ་བའི་འཛིན་བཟུང་། རྒྱ་ནག་གཞུང་གི་ལས་བྱེད་པར་ངོ་རྒོལ། འབའ་བ་ཕུན་ཚོགས་དབང་རྒྱལ་དང་བོད་ཀྱི་ལས་དབང་། རྒྱ་ནག་གིས་བོད་ཀྱི་གླུ་གཞས་སྒྱུ་རྩལ་བར་དམ་དྲག མི་ཉག་ཏུ་མེ་སྐྱོན་བྱུང་པ། ཇོ་མོ་གླང་མའི་གངས་རུད་དང་ཤར་པའི་དཀའ་སྡུག
བརྙན་འཕྲིན།

བརྙན་འཕྲིན། བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་གྱི་མི་ཚེའི་ལོ་རྒྱུས།

ཐེངས་འདིའི་ལས་རིམ་ལ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་འདས་པོ། སྡེ་དགེ་བ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་ཁག་ལ་བགྲོ་གླེང་བྱེད་རྒྱུ་ཡིན། བགྲོ་གླེང་ལས་རིམ་ལ་རྒྱ་གར་དྷ་རམ་ས་ལ་ནས་འཇུ་ཆེན་ཐུབ་བསྟན་གྱི་ལོ་རྒྱུས་རྩོམ་སྒྲིག་འགན་ཁུར་པ་བསྟན་པ་ཡར་འཕེལ་ལགས་དང་། ལོ་རྒྱུས་དཔེ་དེབ་༢༡་གི་མཐའ་མའི་ཞུ་དག་པ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་མཉམ་ཞུགས་བྱེད་ཀྱི་ཡོད།

འབྲེལ་མཐུད་བརྒྱུད་ལམ།