བོད།

གཟའ་སྤེན་པའི་ཉིན་བོད་མི་གཉིས་པ་ཞིག་གིས་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་བྱས་འདུག

པར་གཞིའི་ཚད། - +
རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ས་ཁུལ་ཨ་མདོ་རེབ་གོང་ནང་ལོ་ན ༢༤ སོན་པ་གསང་བདག་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ནས་འདས་གྲོངས་སུ་གྱུར་འདུག་པ་དང་། དེ་ནི་རེབ་གོང་ནང་དེ་ཉིན་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་གཉིས་པ་དེ་ཡིན་པ་རེད། དེ་ཡང་ཕྱི་ཚེས་ ༡༧ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་ ༧ ཡས་མས་ཙམ་ལ། རེབ་གོང་དགོན་ཤུལ་ནས་ཡིན་པ་རང་ལོ་ ༢༤ སོན་པ་གྱི་གསང་བདག་ཚེ་རིང་ལགས་ཀྱིས་བོད་མདོ་སྨད་རེབ་གོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་སྲིད་གཞུང་ཡོད་ས་དེར། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། གསང་བདག་ཚེ་རིང་ལགས་ནི་རེབ་གོང་རྩེ་ཁོག་དགོན་ཤུལ་སྒར་བ་རུ་ཁག་བརྒྱད་པ་ནས་ཡིན་པ་དང་། ཕའི་མིང་ལ་ཆོས་དབྱིངས་ལོ་ ༥༡ དང་། མའི་མིང་ལ་སྨན་བླ་འཚོ་ལོ་ ༤༩ ། སྲིང་མོ་གཅིག་ཡོད་པའི་མིང་ལ་ཚེ་དབྱངས་སྐྱིད་ལོ་ ༢༩ ཡིན་འདུག ཁོང་གི་བཟའ་ཟླའི་མིང་ལ་རྟ་མགྲིན་འཚོ་ལོ་ ༢༤ ཡིན་པ་དང་། ཁོང་གཉིས་ལ་བུ་གཅིག་ཡོད་པའི་མིང་ལ་འདན་སྐྱབས་ཟེར་ཞིང་ལོ་ ༣ ཡིན་འདུག་པ་བཅས་ཀྱི་སྐོར། རེབ་གོང་ཁུལ་གྱི་གནས་ཚུལ་རྒྱུས་མངའ་ཆེ་བ་བོན་རྒྱ་བསྟན་འཛིན་རབ་རྒྱལ་ལགས་ལ་རྣམ་རྒྱལ་ཤཱསྟྲིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གཟའ་སྤེན་པའི་ཉིན་བོད་མི་གཉིས་པ་ཞིག་གིས་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་བྱས་འདུག
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། ཟླ་བ་དོན་གྲུབ། གཅོད་ཉམས་ལེན་པ།

ཟླ་བ་དོན་གྲུབ་ལགས་དགུང་ལོ་ཆུང་དུས་ནས་བོད་ནས་ཕེབས་ཏེ་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭའི་ ནང་སློབ་གཉེར་གནང་ཡོད་པ་དང། དེའི་རྗེས་ཁོང་ཨ་མི་རི་ཀར་གནས་སྤོ་གནང་ཡོད་པ་རེད། ཨ་མི་རི་ཀར་སླེབས་པའི་རྗེས་ཁོང་གིས་གཅོད་ཉམས་ལེན་ལ་དོ་སྣང་བྱེད་འགོ་བཙུགས་ཡོད་ཅིང། དེ་ནས་རྒྱ་གར་དང་བལ་ཡུལ་སོགས་ ནང་ལ་གཅོད་ཉམས་ལེན་དུས་ཡུན་རིང་པོ་གནང་ཡོད་པ་དང་། ཁོང་ནི་དགུང་ལོ་གཞོན་པའི་ཁྲོད་དུ་གཅོད་ཉམས་ལེན་དང་སློབ་གཉེརགནང་མཁན་གྲགས་ཆེ་བ་ཞིག་ཆགས་ཡོད་པ་རེད།

འབྲེལ་མཐུད་བརྒྱུད་ལམ།