ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་བྱང་ཤར་པ་དང་བོད་པའི་བདེ་འཇགས་ལ་འགན་ལེན།


རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་གི་མི་མང་སྟོང་ཕྲག་མང་པོས་བྷེང་ལོར་སོགས་རྒྱ་གར་གྱི་གྲོང་འཁྱེར་ཆེ་ཁག་ནས་རང་གི་ས་གནས་སོ་སོར་ཉེན་གཡོལ་དུ་བྲོས་བྱོལ་ལ་འགྲོ་བཞིན་པ་བརྟེན། སྲིད་བློན་མན་མོ་ཧན་སེང་གིས་རྒྱ་གར་བྱང་ཤར་པ་དེ་དག་གི་བདེ་འཇགས་སྲུང་སྐྱོབ་ཚུལ་བཞིན་བྱེད་རྒྱུའི་ཁས་ལེན་བྱས་ཡོད་ཅིང་། རྒྱ་གར་གྱི་བྱང་ཤར་པ་དང་བོད་པ་སྐྱབས་བཅོལ་བ་ཚོར་གདོང་གཤིས་འདྲ་བ་ཡོད་པས་བོད་པ་ཚོས་ཀྱང་རང་གི་བདེ་འཇགས་ལ་དོགས་ཟོན་བྱེད་དགོས་ཐུབ་པ་དང་། ད་རེས་ཀྱི་དོན་རྐྱེན་འདི་རྒྱ་གར་བྱང་ཤར་ཕྱོགས་སུ་ཡོད་པའི་ཨ་སམ་མངའ་སྡེ་ནང་དུ་ཁ་ཆེ་དང་བྷོ་དྷོ་ཡུལ་བདག་མི་གཉིས་འཁྲུག་རྩོད་བྱུང་སྟེ། ཁ་ཆེ་ཚོས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ཏུ་ཡོད་པའི་བྱང་ཤར་པ་ཚོར་་དགྲ་ལན་སློག་རྒྱུའི་དཀྲོག་གཏམ་ཁྱབ་པའི་རྗེས་སུ་རྒྱ་གར་གྱི་སྤྱི་ཚོགས་སུ་མི་རིགས་འཐེན་འཁྱེར་གྱི་འགལ་ཟླ་བྱུང་ཡོད་པའི་སྐོར། བསོད་ནམས་གཡང་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG