ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ར་ཤི་ཡ་དང་ཨེས་ཀྲོ་ནི་ཡའི་གནད་དོན།


ར་ཤི་ཡས་ཡུག་ཀི་རེན་གྱི་ས་ཁུལ་ཀི་རི་མི་ཡ་བཙན་བཟུང་བྱས་པ་མ་ཟད། ཡུག་ཀི་རིན་གྱི་ཤར་ཕྱོགས་ཁུལ་དུ་གཞུང་ལ་ངོ་རྒོལ་བྱེད་མཁན་ཁ་བྲལ་བ་ཚོར་མཚོན་ཆ་སྤྲོད་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་དེ་དག་ལ་བརྟེན་ནས། བྷལ་ཀྲིག་རྒྱལ་ཁབ་གསུམ་ལ་བློ་འཚབ་ཆེན་པོ་ཡོང་གི་ཡོད་པ་དང་། གང་ལགས་ཤེས་ན། རྒྱལ་ཁབ་དེ་གསུམ་ཀ་དུས་རབས་བརྒྱ་ཕྲག་ཕྱེད་ཀ་མིན་ཙམ་ཞིག་ཨུ་རུ་སུའི་དབང་བསྒྱུར་འོག་ཚུད་པའི་རྗེས། མཐར་ཕྱི་ལོ་༡༩༩༡ལོར་གཞི་ནས་རང་བཙན་ཐོབ་པ་ཞིག་ཡིན་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ། ཇེམ་སི་ བྷུ་རུག་གིས་གནས་ཚུལ་སྤེལ་བ་ཞིག ཡེ་ཤེས་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG