བོད།

བོད་ནང་གི་འཇིག་རྟེན་འཇིག་པའི་དཀྲོག་གཏམ།

པར་གཞིའི་ཚད། - +
x
བོད་ནང་དུ་འཇིག་རྟེན་འཇིགས་པའི་དུས་ཚོད་ཅིག་ལ་སླེབས་བཞིན་པར་འཇིག་སྣང་སྐྱེས་མཁན་དང་ཡང་དེ་མཚུངས་ཀྱི་གྲ་སྒྲིག་བྱེད་པ་སོགས་ཀྱི་གནས་ཚུལ་ཞིག་བྱུང་འདུག ཨ་མེ་རི་ཀའི་གསར་ཁང་སྐད་གྲགས་ཅན་ནེའུ་ཡོག་དུས་བབ་ཀྱིས་བརྗོད་ན་རྒྱ་ནག་ནང་འཇིག་རྟེན་འཇིག་པའི་སྐད་ཆ་རྒྱུད་སྤེལ་བྱེད་མཁན་མི་དགུ་བརྒྱ་ཙམ་འཛིན་བཟུང་བྱེད་ཡོད་པ་ལས་དེའི་ནང་གི་མི་༤༠༠ ནི་མཚོ་སྔོན་ཞིང་ཆེན་ནས་ཡིན་པ་རེད། འཇིག་རྟེན་འཇིག་པའི་གཏམ་འདི་ཇི་ལྟར་བྱུང་བ་དང་གཏམ་འདི་ལ་ནུབ་ཕྱོགས་པས་ལྟ་ཚུལ་གང་འདྲ་འཛིན་བཞིན་ཡོད་པ་སོགས་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་ཡོད་པ་ཞིག་ལ་གསན་རོགས་གནང་།
བོད་ནང་གི་འཇིག་རྟེན་འཇིག་པའི་དཀྲོག་གཏམ།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། མཁར་འཕགས་ཀྱི་དྲ་བརྙན་གླེང་སྟེགས།

བོད་མདོ་ཁམས་རྫ་ཆུའི་ཁ་ནས་འབྲོག་པའི་འཚོ་བ་རོལ་ཏེ་འཚར་ལོངས་བྱུང་བ་དང་། ད་ལྟ་ཡུ་རོབ་ནང་གནས་སྡོད་བོད་མི་མཁར་འཕགས་ལགས་ཀྱིས་༼མཁར་ནང་གི་སྐད་སྒྲ་༽ཞེས་པའི་དྲ་བརྙན་གླེང་སྟེགས་གསར་འཛུགས་ཀྱིས། ཡུ་རོབ་ཁུལ་གྱི་བོད་དོན་དང་འབྲེལ་བའི་གསར་འགྱུར་སྙན་སྒྲོན་དང་། བརྗོད་གཞི་འདྲ་མིན་ཐོག་བོད་མི་རབ་འབྲིང་མཐའ་གསུམ་དང་བརྙན་པར་རྒྱུད་གཏམ་གླེང་ལེ་ཚན་གཙོ་སྐྱོང་བྱེད་པ། བོད་ཀྱི་དབུ་ཁྲིད་ཚོ་དང་ཆབ་སྲིད་ལས་འགུལ་བའི་བཀའ་སློབ་གཙོ་འདོན་སོགས། བོད་མི་སྒེར་བ་ཞིག་གིས། དྲ་བརྙན་ཟིན་བྲིས་རྒྱུད་དེ་དྲ་བརྙན་གླེང་སྟེགས་གསར་འཛུགས་གནང་མཁན་ཐོག་མའི་གྲས་ཡིན། མཁར་འཕགས་ལགས་ཀྱིས་བརྗོད་ན་༼མཁར་ནང་གི་སྐད་སྒྲའི་༽ནང་དུ་ལངས་ཕྱོགས་མེད་པའི་ཐོག་ནས་བོད་མི་ཚོར་མི་རིགས་ཀྱི་བསམ་བློའི་འདུ་ཤེས་བསྐྱར་གསོ་བྱ་བར་རེ་བ་དང་དམིགས་ཡུལ་བཟུང་ཡོད་པ་རེད། http://vokn.blogspot.com

འབྲེལ་མཐུད་བརྒྱུད་ལམ།