བོད།

རྒྱལ་སྤྱིའི་བོད་དོན་འབྲེལ་ཐུག་ཚོགས་ཆུང་ཞིག་འཛུགས་དགོས་པའི་འབོད་སྐུལ།

x
པར་གཞིའི་ཚད། - +
བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དེར་བློ་ཚབས་བྱེད་མཁན་འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་དོན་འབྲེལ་མཐུད་ཚོགས་ཆུང་ཞིག་འཛུགས་དགོས་པ་དང་། གཟའ་འཁོར་རྗེས་མར་རྒྱལ་ཚོགས་ཀྱི་རྒྱས་འཛོམས་སྐབས་སུ་འབྲེལ་མཐུད་ཚོགས་ཆུང་ཞིག་འཛུགས་རྒྱུའི་ཐད་ལ་ཟུར་དུ་གྲོས་མོལ་གནང་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་པའི་གསར་འགོད་གསལ་བསྒྲགས་ཤིག་དེ་རིང་ཕྱི་ཟླ་༩་ཚེས་༢༡་ཉིན་སྤེལ་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པ་སངས་དབྱངས་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
རྒྱལ་སྤྱིའི་བོད་དོན་འབྲེལ་ཐུག་ཚོགས་ཆུང་ཞིག་འཛུགས་དགོས་པའི་འབོད་སྐུལ།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།