ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་ས་འགུལ་དང་ཉེན་སྐྱོབ་ལས་དོན།


ཁ་སང་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ལ་ས་འགུལ་བརྒྱུགས་ཏེ། མི་༤༠༠་ཡས་མས་ཤིག་ལ་སྲོག་སྐྱོན་དང་མི་༡༨༠༠་ལྷག་ལ་རྨས་སྐྱོན། ཁང་པ་༡༢༠༠༠་ལྷག་བརྡིབས་པ་དང་ཁང་པ་ཁྲི་ཚོ་༣་ལྷག་ལ་གཏོར་སྐྱོན་ཕོག་པས། རྒྱ་ནག་གཞུང་གིས་དམག་སྟོང་ཚོ་༥་དང་ཛ་དྲག་གི་ཉེན་སྐྱོབ་པ་སྟོང་ཕྲག་༢་བཅས་ཁྱོན་བསྡོམས་མི་སྟོང་ཚོ་༧་ལྷག་བཏང་ནས་ས་འགུལ་གྱི་གནོད་འཚེ་མྱོང་བའི་མི་མང་རྣམས་ཉེན་སྐྱོབ་བྱེད་ཀྱི་ཡོད་ཅིང་། དེ་རིང་གཟའ་ཟླ་བའི་ཉིན་སྲིད་བློན་ལི་ཁེ་ཆང་ཡུན་ནན་ཞིང་ཆེན་གྱི་ས་འགུལ་རྒྱུག་ཡུལ་ལ་དངོས་སུ་གཟིགས་ཞིབ་ཏུ་ཕེབས་ཏེ། ཁོང་གིས་ས་གནས་དེའི་མི་མང་ལ་སེམས་གསོ་བྱས་ཀྱང་། ད་ཐེངས་ཀྱི་ས་ཡོམས་གོད་ཆག་འོག་ནས་ཐར་ཙམ་བྱུང་བའི་མི་མང་དེ་རྣམས་གྱོན་གོས་མེད་པར་ལམ་ཟུར་དུ་ལྷག་ཡོད་པ་དང་། མི་མང་ཁག་ཅིག་གིས་རྒན་རྒོན་དང་བྱིས་པ་སོགས་རྒྱབ་ལ་ཁུར་ནས་འདམ་འབག་ནང་དུ་བྲོས་བྱོལ་དུ་འགྲོ་གི་ཡོད་པའི་བརྙན་པར་ཐོན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG