འཛམ་གླིང་།

གྱེན་ལོག་པ་ཚོས་གཞུང་དམག་དམར་གསོད།

༄༅།། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་པ་ལྟར་ན། སི་རི་ཡའི་བྱང་ཕྱོགས་ཀྱི་ས་རེ་གེབ་གྲོང་རྡལ་དུ་གྱེན་ལོག་པ་ཚོས་གཞུང་དམག་འཛིན་བཟུང་བྱས་པ་རྣམས་གདུག་རྩུབ་ཀྱི་སྒོ་ནས་དམར་གསོད་བྱས་པ་དང་། སི་རི་ཡའི་གཞུང་དམག་འཛིན་བཟུང་བྱས་པ་ཁག་ཅིག་ལ་རྨས་སྐྱོན་ཕོག་སྟེ་འཐབ་རྒོལ་བྱེད་པའི་ནུས་པ་མེད་ཀྱང་། ཁོ་ཚོ་མ་བསད་གོང་དེར་གྱེན་ལོག་པ་ཚོས་རྡོག་ཐོས་བརྒྱབ་པ་དང་རྡུང་རྡེག་བཏང་སྟེ་མནར་གཅོད་དྲག་པོ་བཏང་བ་དང་། དེ་ནས་གྱེན་ལོག་པ་ཚོས་གཞུང་དམག་འཛིན་བཟུང་བྱས་པ་དེ་ཚོར་མེ་མདའ་བརྒྱབ་ནས་དམར་གསོད་བྱས་པའི་བརྙན་འཕྲིན་ཞིག་ཐོན་ཡོད་ཅིང་། ད་སྔ་བརྙན་འཕྲིན་དེ་ངོ་མ་ཡིན་མིན་རང་བཙན་གྱི་གསར་འགོད་པ་ཚོས་ངེས་གཏན་གསལ་བོ་ཞིག་བྱེད་དཀའ་རུང་། མཉམ་འབྲེལ་གསར་ཁང་གི་གསར་འགོད་པ་ཚོས་ས་གནས་དེ་ནས་བརྙན་འཕྲིན་བཏང་བ་དང་མཐུན་པོ་ཡོད་པ་རེད།།
གྱེན་ལོག་པ་ཚོས་གཞུང་དམག་དམར་གསོད།
གྱེན་ལོག་པ་ཚོས་གཞུང་དམག་དམར་གསོད།i
|| 0:00:00
...
 
🔇
X

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༨ ཚེས་༢༩i
X
29.08.2014
ཇར་མི་ཎིའི་ཆིབས་སྒྱུར་གྲུབ་ནས་རྡ་སར་ཞབས་སོར་འཁོད་པ། ཐུན་མོང་གི་གཞི་རྟེན་འཚོལ་བ། ཨ་རི་དང་རྒྱ་ནག ཡུ་ཀེ་རེན་དང་ཨུ་རུ་སུ། ཨེ་བྷོ་ལ་འགོས་ནད། པ་ཀི་སི་ཏན། ཨ་རི་དང་ཨི་རག དབྱིན་ཡུལ་དང་སི་ཀོ་ཊ་ལེཎ་ཌི། རྒྱ་གར་དང་ཉི་ཧོང་། དགེ་བཤེས་ཚུལ་ཁྲིམས་སྙན་གྲགས་བཙོན་འཇུག ཟླ་བ་མཚོ་མོ་བཀག་ཉར། དབྱིན་ཡུལ་དོན་གཅོད་སྐུ་ཚབ་གསར་པ། སྤྱི་འཐུས་ཨོ་སི་ཊེ་རི་ལི་ཡར་ཕྱོགས་ཕེབས། ནང་སྲིད་བཀའ་བློན་ཨི་ཊི་ལིར་ཕྱོགས་ཕེབས།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།