བོད།

རེབ་གོང་སེངྒེ་གཤོང་མི་མང་གི་རྒྱ་གཞུང་ལ་ངོ་རྒོལ།

x
པར་གཞིའི་ཚད། - +
དེ་རིང་ཕྱི་ཟླ་༨ཚེས་༡༤་སྟེ། གཟའ་མིག་དམར་ཉིན་བོད་ཀྱི་མདོ་སྨད་རེབ་གོང་ས་ཁུལ། སེང་གེ་གཤོང་མ་མགོ་གྲོང་ཚོའི་སྐྱེས་པ་བཞི་ལ་རྫོང་གི་ཉེན་རྟོག་པ་ཆང་འཐུང་ར་བཟི་འགའ་ཞིག་གིས་ཉེས་རྡུང་ཚད་མེད་བཏང་སྟེ་རྨས་སྐྱོན་ཕོག་པ་དང་། དེར་བརྟེན་སེངྒེ་གཤོང་གྲོང་ཚོ་སོ་སོའི་སྐྱེས་པ་༢༠༠་ལྷག་གིས་སྲིད་གཞུང་གི་སྤྱི་བདེ་མི་སྣས་མི་དམངས་ཉེས་རྡུང་གཏོང་མི་ཆོག་ཅེས་ཡིག་ཆེན་བྲིས་པའི་འཕྲེད་དར་འཕྱར་ཐུང་རེན་རྫོང་མི་དམངས་སྤྱི་བདེ་ལས་ཁང་མདུན་དུ་ངོ་རྒོལ་སྐད་འབོད་བྱས་པ་དང་། རིམ་བཞིན་རེབ་གོང་ས་ཁུལ་གྱི་གྲོང་ཚོ་གཞན་ཁག་གི་སེར་སྐྱ་མི་མང་གིས་ཀྱང་སེངྒེ་གཤོང་མི་མང་གི་ངོ་རྒོལ་ལས་འགུལ་དེར་རྒྱབ་སྐྱོར་བྱས་ཏེ། མཐར་མི་གྲངས་༧༠༠་ཡས་མས་ཤིག་འདུ་འཛོམས་བྱུང་ཞིང་།  ཐུང་རེན་རྫོང་གི་འབྲེལ་ཡོད་གཞུང་འབྲེལ་ལས་སྣེ་ཚོས་ཉི་མ་གཉིས་གསུམ་ཞིག་གི་ནང་ཚུད་དུ་གནད་དོན་དེར་ཐག་གཅོད་བྱ་རྒྱུའི་ཁས་ལེན་བྱས་ཏེ་མི་མང་གི་ངོ་རྒོལ་སྐད་འབོད་མཚམས་བཞག་ཀྱང་། གལ་སྲིད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཐུང་རེན་རྫོང་གིས་འབྲེལ་ཡོད་ལས་སྣེ་ཚོས་གནད་དོན་དེར་ཐག་གཅོད་དྲང་པོ་ཞིག་མ་བྱས་ཚེ། སེངྒེ་གཤོང་མི་མང་གིས་སླར་ཡང་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་དང་། ད་ཐེངས་ཀྱི་ངོ་རྒོལ་སྐབས་སུ་རྒན་རྒོན་ཚོས་ན་གཞོན་ཚོར་ཞི་བའི་སྒོ་ནས་ངོ་རྒོལ་སྐད་འབོད་བྱེད་དགོས་པ་ལས། ཉེན་རྟོག་པར་རྒོལ་འཛིང་བྱས་ན་ང་ཚོར་དྲག་གནོན་བྱས་ཏེ་ཕམ་ཉེས་བྱུང་རྒྱུའི་ཉེན་ཀ་ཡོད་ཅེ་འབོད་སྐུལ་ཞུས་པ་དང་ཁ་ཏ་བྱས་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། འཕྲིན་ལས་ཆོས་སྒྲོན་གྱིས་གསར་འགྱུར་མཁོ་སྤྲོད་པ་ཞིག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།
རེབ་གོང་སེངྒེ་གཤོང་མི་མང་གི་རྒྱ་གཞུང་ལ་ངོ་རྒོལ
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།