ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨོ་བྷ་མ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས།


སང་ཉིན་གཟའ་ཕུར་བུ་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ཚོགས་འདུ་ཚོགས་ཀྱི་ཡོད་ཅིང་། ད་ལོ་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་དེའི་ཤར་ཕྱོགས་སུ་ཟིང་འཁྲུག་བསླངས་པ་དང་། ཡུཀ་རེན་ལ་ཨུ་རུ་སུས་བཙན་འཛུལ་བྱ་སྲིད་པའི་ཉེན་ཀ་ཡོད་པས། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཨུ་རུ་སུའི་དམག་གི་བཙན་དྲག་འགོག་པར་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུ་དང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གི་ས་ཐོག་ལ་ཉུང་མཐའ་ཡང་དམག་སྟོང་ཕྲག་༤་ལྷག་འགྲེམ་འཇོག་བྱ་རྒྱུ། ད་ལྟ་ཨུ་རུ་སུའི་བཙན་འཛུལ་གྱི་འཇིགས་སྣང་མྱོང་བཞིན་པའི་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་སྲུང་སྐྱོབ་བྱ་རྒྱུའི་ཁག་ཐེག་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG