ཨ་རི།

ཉི་ཧོང་གི་སྲིད་བློན་ཨ་མི་རི་ཀར་འཚམས་འདྲི།

ཕྱི་ཟླ་༢་ཚེས་༢༡་ནས་༢༢་བར་དུ་ཉི་མ་གཉིས་ལ་ཉི་ཧོང་གི་སྲིད་བློན་ཤཱིང་ཟོ་ཨ་བྷེ་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཡོད་ཅིང་། དེ་རིང་གཟའ་པ་སངས་ཉིན་སྲིད་འཛིན་ཨོ་བྷ་མས་ཕོ་བྲང་དཀར་པོར་ཉི་ཧོང་གི་སྲིད་བློན་ཤཱིང་ཟོ་ཨ་བྷེར་སྣེ་ལེན་གཟབ་རྒྱས་ཞུས་ཏེ། ཉི་ཧོང་དང་ཨ་མི་རི་ཀའི་མཛའ་འབྲེལ་སྔར་ལས་སྲ་བརྟན་གཏོང་རྒྱུ་དང་། དེང་སྐབས་རྒྱ་ནག་དང་ཉི་ཧོང་གཉིས་ཀྱིས་གླིང་ཕྲན་འགའ་ཞིག་གི་བདག་དབང་བརྩད་ནས་འགལ་ཟླ་ཆེ་རུ་འགྲོ་བཞིན་ཡོད་པའི་ཉེན་ཚབས། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཕལ་ཆེ་བའི་བདག་དབང་རྩོད་ཀྱི་ཡོད་པ་དང་། ལྷག་པར་དུ་ཉེ་ཆར་ཕྱི་ཟླ་༢་ཚེས་༡༢་ཉིན་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཐེངས་གསུམ་པ་ཞིག་ཚོད་ལྟ་བྱས་ཏེ། ལྷོ་ཤར་ཨེ་ཤི་ཡའི་ས་གནས་ཁག་ལ་ཞི་བདེ་བརྟན་ལྷིང་མེད་པའི་ཉེན་ཀ་གསར་པ་ཞིག་འཕྲད་བྱས་ཡོད་པ་བཅས་ལ་གྲོས་མོལ་ལྷུག་པོ་བྱས་པ་དང་། ཉི་ཧོང་ལ་མཚོན་ན་ཨ་མི་རི་ཀར་དཔལ་འབྱོར་དང་ཚོང་ལས། དམག་དོན་བཅས་ཀྱི་འབྲེལ་བ་དམ་ཟབ་འཛིན་རྒྱུ་སྔར་ལས་གནད་འགག་ཆེ་རུ་སོང་ཡོད་པ་རེད།།

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༥ ཟླ་ ༢ ཚེས་༢༧i
X
27.02.2015
འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་གཏམ་བཤད། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། བཙོན་པ་གློད་གྲོལ་ཐོབ་པ། ཐོབ་ཐང་རྡོག་རོལ་དང་དབྱེ་འབྱེད། རྒྱ་གར་ནང་སླར་ཡང་ཕག་ནད་ཁྱབ་པ། གླིང་ཚང་གི་གནས་རིར་མེ་ཤོར་བ། འཇིགས་སྐུལ་བ་ཞིག་ངོས་བཟུང་ཐུབ་པ། སོ་མ་ར་ཛའི་རྡོ་ཐ་སྤྱོད་རྒྱུ་ཁྲིམས་མཐུན་ཆགས་པ།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།