ཨ་རི།

སྲིད་འཛིན་ལས་ཐོག་སྐུ་ཞབས་ཨོ་སྦ་མ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པ།

​ཚེས་༦ཉིན་ཨ་རིའི་རྒྱལ་ཡོངས་ནང་སྲིད་འཛིན་གྱི་འོས་བསྡུ་གནང་ཡོད་པ་དང་། ད་ཐེངས་ཀྱི་འོས་བསྡུའི་ཐོག་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཨོ་སྦ་མ་ལ་རྒྱལ་ཁ་ཐོབ་ཡོད། དེ་ཡང་ཨ་རིའི་སྲིད་འཛིན་འོས་བསྡུའི་ལོ་རྒྱུས་ཐོག་འགྲན་རྩོད་འཁྲུག་ཆ་དོད་ཤོས་དང་འོས་བསྡུའི་འགྲོ་གྲོན་མང་ཤོས་ཀྱི་འོས་བསྡུ་ཞིག་ཆགས་ཡོད་ཅིང་། སྲིད་འཛིན་ལས་ཐོག་སྐུ་ཞབས་ཨོ་སྦ་མ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས་གཏམ་བཤད་གནང་བའི་ནང་འོས་བསྡུའི་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་དུས་མཚུངས་དམངས་གཙོའི་གལ་འགངས་རང་བཞིན་སོགས་བཀའ་མོལ་གནང་ཡོད་ལ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་རོམ་ནི་ནས་ཀྱང་འཚམས་འདྲི་ཞུས་ཡོད་པ་རེད། ད་ཐེངས་ཚེས་༦ཉིན་གྱི་འོས་བསྡུའི་ཐོག་སྲིད་འཛིན་འོས་བསྡུ་གཅིག་པུ་མ་ཡིན་པར་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་ཀྱང་འོས་འདེམས་གནང་ཡོད།

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༧ ཚེས་༢༣i
X
23.07.2014
དཀྱིལ་ཤར་གྱི་འཐབ་འཁྲུག་མཚམས་འཇོག་ཡོང་ཐབས། མ་ལེ་ཤི་ཡའི་གནམ་གྲུའི་ཆག་སྒོ་ལ་རྒྱལ་སྤྱིའི་རྟོག་དཔྱོད། མ་ལེ་ཤི་ཡའི་གནམ་གྲུའི་ཆག་སྒོ་ལ་རྒྱལ་སྤྱིའི་རྟོག་དཔྱོད། མཛད་འཕྲིན་ལེགས་གྲུབ་དང་བཞུགས་སྒར་དུ་ཞབས་སོར། འཕྲུལ་སྒྲའི་རྒྱུད་ལམ་བེད་སྤྱོད་ལོག་པ་གཏོང་བ། ཨ་མི་རི་ཀ་ཟླ་བའི་སྟེང་དུ་འགྲོ་སྐྱོད་བྱས་ཏེ་ལོ་ངོ་༤༥འཁོར་བ།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།