ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨོ་བྷ་མས་ཨི་རཀ་གི་ཁ་ཆེ་དྲག་སྤྱོད་པ་ཚོར་གཏོར་རྒོལ་བྱ་དགོས་པའི་བཀའ་བཏང་བ།


ཨི་རཀ་གི་ཁ་ཆེ་དྲག་སྤྱོད་པ་ཚོས་རྒྱལ་ཁབ་དེའི་བྱང་ཕྱོགས་དང་ནུབ་ཕྱོགས་ཀྱི་ས་གནས་ཕལ་ཆེ་བར་དབང་སྒྱུར་བྱེད་ཡོད་ཅིང་། ད་ལྟ་ཨི་རཀ་བྱང་ཕྱོགས་ཀྱི་ཀུར་དི་གྲངས་ཉུང་མི་རིགས་ཀྱི་རྒྱལ་ས། ཨིར་བྷི་གྲོང་ཁྱེར་ཡང་ཨི་རཀ་གི་ཁ་ཆེ་དྲག་སྤྱོད་པའི་དབང་སྒྱུར་འོག་ཏུ་ཚུད་སྲིད་པའི་ཉེན་ཀ་བྱུང་སྟེ། སྲིད་འཛིན་ཨོ་བྷ་མས་ཨ་མི་རི་ཀའི་གནམ་དམག་ལ་ཨི་རཀ་གི་ཁ་ཆེ་དྲག་སྤྱོད་པ་ཚོར་གཏོར་རྒོལ་བྱེད་དགོས་ཞེས་བཀའ་བཏང་ཡོད་པ་རེད། གཟའ་ཕུར་བུའི་མཚན་མོར་སྲིད་འཛིན་ཨོ་བྷ་མས་ཨ་མི་རི་ཀའི་གནམ་དམག་ལ་ཨི་རཀ་གི་སྐྱབས་བཅོལ་བ་ཚོར་བཟའ་བཏུང་དང་སྨན། དེ་མིན་གྱི་འཚོ་བའི་མཁོ་ཆས་རྣམས་རོགས་རམ་སྤྲོད་དགོས་པའི་ཐག་གཅོད་བྱས་ཀྱང་། ཨི་རཀ་གི་ཁ་ཆེ་དྲག་སྤྱོད་པ་ཚོས་ཡེ་ཤུ་ཆོས་དད་པ་དང་ཡ་ཟི་དི་གྲངས་ཉུང་མི་རིགས་རྣམས་རང་ཁྱིམ་ནས་མཐར་སྐྲོད་བཏང་སྟེ། ཁོ་ཚོའི་གནས་སྟངས་དེ་ཆུ་ཚོད་རེ་རེ་དང་ཉི་མ་རེ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཨ་རཀ་གི་ཁ་ཆེ་དྲག་སྤྱོད་པ་ཚོས་ཡེ་ཤུ་ཆོས་དད་པ་དང་ཡ་ཟི་དི་གྲངས་ཉུང་མི་རིགས་རྣམས་ཁ་ཆེ་ཐལ་སྐྱོད་པའི་གྲུབ་མཐའ་དེར་མ་བསྒྱུར་ཚེ། ཁོ་ཚོ་སྐེ་བཅད་ནས་གཅིག་ཀྱང་མི་འཇོག་པར་རྩ་མེད་གཏོང་རྒྱུ་ཡིན་ཞེས་གདམ་ཀ་སྤྲད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG