བོད།

རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་མི་དམངས་སྤྱི་འཐུས་ཀྱི་ཞུ་གཏུག

པར་གཞིའི་ཚད། - +
བོད་མི་མང་སྤྱི་འཐུས་ལྷན་ཁང་གིས་འདས་པའི་ཟླ་ངོ་གཅིག་ལྷག་གི་རིང་ལ་རྒྱ་གར་གཞུང་དམངས་གཉིས་ལ་བོད་ནང་གི་གནང་སྟངས་ཞུ་གཏུག་བྱེད་པའི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། རྒྱ་གར་བྱང་ཕྱོགས་སུ་ལས་འགུལ་སྤེལ་དུ་ཕེབས་པའི་བོད་མི་མང་སྤྱི་འཐུས་རྣམ་པས་ཞུ་གཏུག་ལས་འགུལ་ལེགས་གྲུབ་བྱུང་སྟེ་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་ཡོད་པ་དང་། ད་རེས་ཀྱི་ཞུ་གཏུག་ལས་འགུལ་བརྒྱུད་ནས་རྒྱ་གར་མི་མང་གིས་བོད་དོན་ཤེས་རྟོགས་དང་བོད་ལ་དོ་སྣང་གང་འདྲ་བྱས་ཡོད་མེད། ད་དུང་རྒྱ་གར་གྱི་དཔོན་རིགས་ཚོས་བོད་དོན་ལ་རྣམ་འགྱུར་གང་འདྲ་བསྟན་ཡོད་མེད་བཅས་ལ་བཞུགས་སྒར་རྡ་རམ་ས་ལ་ནས་ང་ཚོས་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།།
རྒྱ་གར་བྱང་ཕྱོགས་ཁུལ་དུ་བོད་མི་དམངས་སྤྱི་འཐུས་ཀྱི་ཞུ་གཏུག
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།