ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱང་ཀོ་རི་ཡའི་འཕུར་མདའ་ཚོད་ལྟར་བློ་ཚབས།


བྱང་ཀོ་རི་ཡར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉེས་ཆད་བཅད་མིན་ལ་མ་ལྟོས་པར་ཟླ་བ་འདིའི་ཚེས་༡༧་ཡས་མས་སུ་འཕེན་རྒྱང་རིང་བའི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱ་འཆར་ཡོད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་འཚབ་བྱེད་བཞིན་པ་མ་ཟད། ཨེ་ཤི་ཡའི་མངའ་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་གནོད་སྐྱོན་གཏོང་སྲིད་པའི་ཉེན་ཀ་ཡང་ཡོད་ཅིང་། གལ་ཏེ་བྱང་ཀོ་རི་ཡས་དངོས་སུ་མེ་ཤུགས་འཕུར་མདའ་དེ་གནམ་ལ་བཏང་ནས་ལམ་ལྷོང་བྱུང་ཚེ། ལྷོ་ཀོ་རི་ཡར་འགྲན་རྩོད་བྱས་ནས་བྱང་ཀོ་རི་ཡར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པའི་ངོས་འཛིན་བྱ་རྒྱུ་དང་། དེས་ལྷོ་ཀོ་རི་ཡའི་སྲིད་འཛིན་འོས་བསྡུ་ལའང་ཤུགས་རྐྱེན་ཐེབས་སྲིད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG