ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་དོན་ལས་འགུལ་བ་ཞིག་གིས་རྒྱ་གར་རྒྱལ་ཡོངས་གཏམ་བཤད་ཀྱི་སྐོར་སྐྱོད་གནང་བཞིན་ཡོད་པ།


བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འདས་པའི་ཟླ་བ་ཅིག་ཙམ་རིང་རྒྱ་གར་ནང་གི་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མང་པོ་ཞིག་ལ་ ཆེད་ཕེབས་གནང་སྟེ་བོད་དོན་སྐོར་དང་རྒྱ་གར་དང་བོད་ཀྱི་འབྲེལ་ལམ། དེ་བཞིན་གཞོན་སྐྱེས་སྐོར་སོགས་བརྗོད་གཞི་དང་གནད་དོན་མང་པོའི་ཐད་གཏམ་བཤད་ཀྱི་ལས་འགུལ་གནང་བཞིན་པ་རེད། རྒྱ་གར་ནང་གི་གྲོང་ཁྱེར་དེ་ཚོའི་ནང་གི་མཐོ་རིམ་སློབ་གཉེར་ཁང་དང་ཆེད་ལས་སློབ་གཉེར་ཁང། དེ་བཞིན་ས་གནས་ཀྱི་བོད་པའི་སློབ་ཕྲུག་སོགས་དང་མཉམ་དུ་གོ་སྡུར་དང་གཏམ་བཤད་གནང་ཡོད་པ་རེད། བགྲོ་གླིང་མདུན་ལྕོག་ལས་རིམ་གྱིས་ལས་འགུལ་འདིའི་ཕན་ནུས་དང་ཤུགས་རྐྱེན་ཐད་འབྲེལ་ཡོད་་ གསུམ་གདན་འདྲེན་ཞུས་ཏེ་གླེང་མོལ་ཞུ་གི་རེད།

XS
SM
MD
LG