ཨ་རི།

ལི་བྷི་ཡར་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་དམར་གསོད།

x
ལི་བྷི་ཡར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་དང་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་པ་གསུམ་བཅས་མི་བཞི་རྒྱལ་ས་ཊི་རི་ཕོ་ལི་ནས་ལི་བྷི་ཡའི་ཤར་ཕྱོགས་སུ་ཡོད་པའི་བྷན་གྷ་ཟི་གྲོང་ཁྱེར་གྱི་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ལ་ཚོགས་འདུར་ཕེབས་ཏེ། ལི་བྷི་ཡའི་མི་ཚོགས་ཤིག་གིས་བྷན་གྷ་ཟི་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་སྐུ་ཚབ་གཅོད་ཁང་ལ་མེ་ཤུགས་འཕུར་བརྒྱབ་ནས་མེར་སྲེག་བཏང་བ་དང་། ཨ་མི་རི་ཀའི་གཞུང་ཚབ་པ་དང་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་པ་གསུམ་ལ་རྨས་སྐྱོན་ཕོག་སྟེ་དུ་བའི་ནང་དུ་དབུགས་འགགས་ནས་འཆི་སྐྱོན་བྱུང་ཡོད་པ་རེད། སྔ་ལོ་ལི་བྷི་ཡར་མི་མང་གི་གྱེན་ལོག་གསར་བརྗེ་ལངས་པའི་སྐབས་སུ་སྐུ་ཞབས་སི་ཊི་བེན་གྱིས་ཨ་མི་རི་ཀའི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ཏུ་ལི་བི་ཡའི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་།

ལི་བྷི་ཡའི་མི་མང་གིས་གྷ་དྷ་ཧྥི་ཁྱིམ་ཚང་གིས་རྒྱལ་ཁབ་དེར་ལོ་ངོ་༤༠་ཙམ་ལ་དབང་སྒྱུར་བྱས་པའི་སྲིད་དབང་མགོ་རྟིང་སློག་པ་མ་ཟད། སྐུ་ཞབས་སི་ཊི་བེན་དང་ལི་བི་ཡའི་གྱེན་ལོག་པའི་འགོ་ཁྲིད་ཚོ་འབྲེལ་བ་བཟང་པོ་ཡོད་པ་དང་། དེར་བརྟེན་སྲིད་འཛིན་ཨོ་བྷ་མའི་གཞུང་གིས་སི་ཊི་བེན་ཟླ་ཤས་གོང་དེར་ལི་བྷི་ཡར་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པར་བསྐོ་བཞག་བྱས་ཤིང་། རྩ་བའི་ཁ་རྩང་ཕྱི་ཟླ་༩་ཚེས་༡༡་དེ་ཨ་མི་རི་ཀར་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོར་རྒོལ་བྱས་ནས་ལོ་༡༡་འཁོར་པའི་དུས་དྲན་ཡིན་པ་དང་། ཨ་རིའི་རྒྱལ་ཡོངས་དང་འཛམ་གླིང་ཡུལ་གྲུ་གང་སའི་ཨ་མི་རི་ཀའི་གཞུང་ཚབ་ཁང་དང་ཕྱི་འབྲེལ་དོན་གཅོད་ཁང་དེ་དག་གི་ནང་དུ་དགུ་བའི་༡༡་གི་དོན་རྐྱེན་བྱུང་བའི་དུས་དྲན་སྲུང་བརྩི་བྱས་ཀྱང་། ཨ་མི་རི་ཀའི་ཡེ་ཤུ་ཆོས་དཔོན་ཞིག་གིས་ཁ་ཆེའི་སྟོན་པ་མོཧ་མེཏ་བུད་མེད་ལ་དགའ་བ་དང་མི་གསོད་ལག་དམར་གྱི་འགོ་ཁྲིད་ཅིག་ཡིན་པའི་ཟུར་ཟའི་གློག་བརྙན་ཞིག་བཟོ་སྒྲིག་བྱས་ནས་དྲ་རྒྱའི་ཐོག་ཏུ་བཀྲམ་པ་དང་། རྒྱུ་རྐྱེན་དེ་ལ་བརྟེན་ནས་ཨི་ཇེབ་དང་ལི་བྷི་ཡ་སོགས་འཛམ་གླིང་གི་ཁ་ཆེའི་རྒྱལ་ཁབ་ཁག་ཅིག་ལ་ཨ་མི་རི་ཀར་ངོ་རྒོལ་བྱས་ཏེ། ཨི་ཇེབ་ཀྱི་མི་མང་ཁག་ཅིག་ཨ་རིའི་གཞུང་ཚབ་ཁང་གི་རྩིག་གྱང་བརྒལ་ནས་ཨ་མི་རི་ཀའི་རྒྱལ་དར་མེར་སྲེག་བཏང་བ་དང་། ཁོ་ཚོས་ཨ་མི་རི་ཀའི་རྒྱལ་དར་གྱི་ཤུལ་དེར་ཁ་ཆེའི་ཆོས་ལུགས་ཀྱི་དར་ཆ་ནག་པོ་ཞིག་བཙུགས་ཡོད་པ་རེད།
ལི་བྷི་ཡར་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་དམར་གསོད།
ལི་བྷི་ཡར་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་དམར་གསོད།i
|| 0:00:00
...    
🔇
X

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
དྲ་བརྙན་གསར་འགྱུར། ༢༠༡༤ ཟླ་༡༡ ཚེས་༢༤i
X
24.11.2014
ཁམས་དར་རྩེ་མདོའི་ས་ཡོམ། རང་ལུས་མེར་སྲེག་པ་ནང་མིར་རྩིས་སྤྲོད། ཧིན་དྷུའི་ཚོགས་ཆེན་ལ་ཆིབས་སྒྱུར། ཨི་རེན་གྱི་རྡུལ་ཕྲན་གྲོས་མོལ། ཨ་ཧྥི་གྷན་གྱི་འབར་གས་གཏོར་རྒོལ། ཨ་རིའི་སྲིད་འཛིན་གཞོན་པ་ཕྱོགས་སྐྱོད།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།