ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མ་ལེ་ཞི་ཡའི་གནམ་གྲུ་དེ་ཨུ་རུ་སུའི་འཕུར་མདེལ་གྱིས་གཏོར།


མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཡུཀ་རེན་གྱི་ཤར་ཕྱོགས་སུ་བརྡབ་སྐྱོན་བྱུང་སྟེ། གནམ་གྲུ་དེའི་ལས་བྱེད་པ་དང་འགྲུལ་པ་བཅས་ཁྱོན་བསྡོམས་མི་༢༩༨་ལ་སྲོག་སྐྱོན་བྱུང་ཡོད་ཅིང་། ད་བར་མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་དེར་བརྡབ་སྐྱོན་བྱུང་བའི་རྒྱུ་རྐྱེན་ཅི་ཡིན་རྩོད་པ་ཆེན་པོ་ཞིག་ཡོང་གི་ཡོད་ཀྱང་། གཟའ་ཉི་མའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རིས་མ་ལེ་ཞི་ཡའི་འགྲུལ་སྐྱེལ་གནམ་གྲུ་དེར་ཡུཀ་རེན་གྱི་གྱེན་ལོག་པ་ཚོས་དེང་རབས་ཅན་གྱི་མེ་ཤུགས་འཕུར་མདེལ་ཞིག་བརྒྱབ་ནས་གཏོར་པ་དང་། དེང་རབས་ཀྱི་མེ་ཤུགས་འཕུར་མདེལ་དེ་ཡུཀ་རེན་གྱི་གྱེན་ལོག་པ་ཚོར་ཨུ་རུ་སུའི་དམག་གིས་མཁོ་སྤྲོད་བྱས་འདུག ཨུ་རུ་སུའི་དམག་གིས་མཁོ་སྤྲོད་བྱས་པ་ཨ་མི་རི་ཀར་དཔང་རྟགས་གསལ་བོ་ཞིག་སྟོན་རྒྱུ་ཡོད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG