བོད།

བཀའ་ཁྲི་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་འགོ་ཁྲིད་དང་མཇལ་ཕྲད།

TibetNet photosTibetNet photos
x
TibetNet photos
TibetNet photos
པར་གཞིའི་ཚད། - +
དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གཞུང་བྲེལ་མཛད་དོན་ཆེད་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་ནང་ཕེབས་ཡོད་པ་བཞིན་ ཁ་ས་རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་དང་མཇལ་མོལ་གནང་ཡོད་པ་སོགས་ བཀའ་ཁྲིའི་ལྷན་དུ་བཅར་བའི་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་སུ་ནམ་མཁའ་བསྟན་འཛིན་གྱིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང།
བཀའ་ཁྲི་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གནད་ཡོད་འགོ་ཁྲིད་དང་མཇལ་ཕྲད།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།