རྒྱ་ནག

རྒྱ་ནག་གི་གསར་འགོད་པས་གཞུང་གི་ཞིབ་བཤེར་ལ་ངོ་རྒོལ།

རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན་དུ་དཔར་འགྲེམ་བྱེད་བཞིན་པའི་ལྷོ་ཕྱོགས་བདུན་རེའི་ཚགས་པར་དེ་ནི། རྒྱ་ནག་རྒྱལ་ཡོངས་སུ་ཧ་ཅང་ཤུགས་རྐྱེན་ཆེན་པོ་དང་སྐད་གྲགས་ཡོད་པའི་གཟའ་འཁོར་རེའི་གསར་ཤོག་ཅིག་ཡིན་ཞིང་། ཕྱི་ལོ་གསར་འདིར་ལྷོ་ཕྱོགས་བདུན་རེའི་ཚོགས་པར་གྱིས་རྒྱ་ནག་ལ་ཆབ་སྲིད་སྒྱུར་བཅོས་གཏོང་དགོས་ཞེས་ཆེད་བརྗོད་བྲིས་རུང་། རྒྱ་ནག་གཞུང་གིས་ཆེད་བརྗོད་དེ་གུང་ཁྲན་ཏང་ལ་བསྟོད་བསྔགས་བྱས་པའི་ཆེད་བརྗོད་ཅིག་ལ་སྒྱུར་བཅོས་གཏོང་དུ་བཅུག་པ་དང་། དེར་བརྟེན་ཕྱི་ཟླ་དང་པོའི་ཚེས་༣་ཉིན་ལྷོ་ཕྱོགས་བདུན་རེའི་ཚགས་པར་གྱི་གསར་འགོད་པ་༦༠་ཐམ་པས་ཡོངས་གྲགས་ཀྱི་སྙན་ཞུ་ཞིག་ལ་མིང་རྟགས་བཀོད་དེ། ཁོང་ཚོས་རྒྱ་ནག་གཞུང་གིས་ཚགས་པར་དེའི་ཆེད་བརྗོད་ལ་སྒྱུར་བཅོས་དུ་གཏོང་དུ་བཅུག་པ་དེར་སྐྱོན་བྱས་པ་དང་། དེ་རིང་གཟའ་པ་སངས་ཉིན་ཚགས་པར་དེའི་གསར་འགོད་པ་ཟུར་པ་སུམ་ཅུ་སོ་ལྔས་ཀོང་ཏུང་ཞིང་ཆེན་གྱི་དྲིལ་བསྒྲགས་ལས་ཁང་གི་འགོ་ཁྲིད་གནས་དབྱུང་གཏོང་དགོས། ལྷོ་ཕྱོགས་བདུན་རེའི་ཚགས་པར་གྱི་ཆེད་བརྗོད་ལ་སྒྱུར་བཅོས་བཏང་བའི་ལན་ཁག་ཀོང་ཏུང་ཞིང་ཆེན་གྱི་དྲིལ་བསྒྲགས་ལས་ཁང་གི་འགོ་ཁྲིད་ལ་ཡོད། རྒྱ་ནག་གཞུང་གིས་གསར་འགྱུར་རྒྱུད་ལམ་ཁག་ལ་ཞིབ་བཤེར་བྱས་ཏེ་མི་མང་གི་ཡིད་ཆེས་བརླགས་ཚེ། གུང་ཁྲན་ཏང་གི་ལྟ་བ་དང་ལངས་ཕྱོགས་རྣམས་གསར་འགོད་པ་ཚོས་མི་དམངས་ལ་ཇི་ལྟར་འཁྱོལ་ཐུབ་རྒྱུ་ཡིན་ནམ་ཞེས་ངོ་རྒོལ་བྱས་ཡོད་པ་རེད།།
རྒྱ་ནག་གི་གསར་འགོད་པས་གཞུང་གི་ཞིབ་བཤེར་ལ་ངོ་རྒོལ།
རྒྱ་ནག་གི་གསར་འགོད་པས་གཞུང་གི་ཞིབ་བཤེར་ལ་ངོ་རྒོལ།i
|| 0:00:00
...    
🔇
X

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༡༡ཚེས་༢༡i
X
21.11.2014
ཧོང་ཀོང་། ལྡི་ལིར་ཆིབས་སྒྱུར། ཧེ་ལི་ཧྥེ་སི་ལྷན་ཚོགས། བློ་བཟང་དཔལ་ལྡན་ལགས་གློད་གྲོལ། ཞིས་ཅིན་ཕིང་ལ་ངོ་རྒོལ། ཐེ་ལན་གྱི་དངོས་རིས་ཕྱིར་ལོག སྲིད་འཛིན་ཨོ་བྷ་མའི་བཀའ་རྒྱ། བྱང་ཀོ་རི་ཡ། ཨི་རན་གྱི་རྡུལ་ཕྲན་ལས་གཞིའི་གྲོས་མོལ། ཀའོ་ཡུ་ལ་ཁྲིམས་བཤེར། རྒྱ་ནག་གི་ལན་འདེབས། པེ་ཅིང་གི་དུ་སྨུག

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།