ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཉི་ཧོང་གིས་ཝིཏ་ནམ་དམག་གྲུ་དྲུག་སྤྲོད་འཆར།


དེང་སྐབས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཝིཏ་ནམ་དང་རྒྱ་ནག་སོགས་ལ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཆེན་པོ་ཡོད་ཅིང་། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཉི་ཧོང་དང་རྒྱ་ནག་གཉིས་ལ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཆེན་པོ་ཡོད་པས། རྒྱ་ནག་གི་བཙན་དྲག་འགོག་པར་ཉི་ཧོང་དང་ཝིཏ་ནམ་གྱི་དཔལ་འབྱོར་དང་ཕྱི་སྲིད། དམག་དོན་བཅས་ཀྱི་འབྲེལ་བ་ཡར་རྒྱས་བཏང་སྟེ། ཕྱི་ཟླ་༨་ཚེས་༡་ཉིན་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། ཉི་ཧོང་གིས་ཝིཏ་ནམ་ལ་མཚོ་ཁ་སྐོར་གཡེང་དང་མྱུལ་ཞིབ་ཆེད་དུ་དམག་གྲུ་༦་སྤྲོད་རྒྱུ་དང་། ཉི་ཧོང་གི་དམག་གྲུ་རྙིང་པ་དེ་ཚོར་ཨ་སྒོར་ས་ཡ་ལྔའི་རིན་ཐང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG