ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་དང་ཉི་ཧོང་གི་འཐབ་ཇུས་གྲོས་མོལ།


རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་དི་ཉི་ཧོང་ལ་འཚམས་འདྲིར་ཕེབས་ཡོད་ཅིང་། ཉི་ཧོང་གི་སྲིད་བློན་ཤིན་ཟོ་ཨ་བྷེས་རྒྱ་གར་གྱི་སྲིད་བློན་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཏེ། ཁོང་ཚོས་རྒྱ་གར་དང་ཉི་ཧོང་གི་དམག་དོན་དང་ཚོང་ལས། དཔལ་འབྱོར་བཅས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་། དེང་སྐབས་ཉི་ཧོང་གིས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ས་གཏེར་དཀོན་རིགས་ཁག་ཅིག་རྒྱ་གར་ནས་ནང་འདྲེན་བྱ་རྒྱུའི་གྲོས་མཐུན་བྱུང་རུང་། རྒྱ་གར་གྱི་ཞི་བའི་ལས་དོན་ཆེད་དུ་མཁོ་བའི་རྡུལ་ཕྲན་གྱི་འཕྲུལ་རིག་ལག་རྩལ་ཉི་ཧོང་གིས་ཕྱིར་ཚོང་བྱ་རྒྱུ་དེར་གྲོས་མཐུན་བྱུང་མེད་པ་དང་། ད་ལྟ་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་གར་གྱི་ཁྲོམ་རེའི་ནང་དུ་ཐད་ཀར་ཨ་སྒོར་དུང་ཕྱུར་༢༠་ཐམ་པ་ལས་མ་རྩ་བཙུགས་མེད་པས། སྲིད་མོ་དི་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཉི་ཧོང་གི་སྲིད་བློན་ཤིན་ཟོ་ཨ་བྷེས་གསར་འགོད་པ་ཚོར་བཤད་པ་ལྟར་ན། མ་འོངས་པའི་ལོ་ལྔའི་ནང་དུ་ཉི་ཧོང་གི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་གར་གྱི་ཁྲོམ་རེའི་ནང་དུ་ཨ་སྒོར་དུང་ཕྱུར་༣༥༠་ཐམ་པ་མ་རྩ་འཛུགས་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་དང་། རྒྱ་གར་དང་ཉི་ཧོང་གི་དམག་དོན་འཐབ་ཇུས་ཀྱི་འབྲེལ་བ་ཚད་རིམ་མཐོ་རུ་གཏང་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད།།

XS
SM
MD
LG