ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨིལ་ཧམ་དཱོ་ཏིས་རྒྱ་གཞུང་གི་ཉེས་འཛུགས་དགག་པ་བརྒྱབ་པ།


རྒྱ་ནག་གཞུང་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཏེ་ཡུ་གུར་པ་ཨིལ་ཧམ་དཱོ་ཏི་ལ་ཁ་བྲལ་གྱི་ལས་འགུལ་སྤེལ་པ་དང་། ཁོང་ཞིན་ཅང་རང་བཙན་འཐབ་རྩོད་པའི་ཚོགས་པ་ཞིག་གི་འགོ་ཁྲིད་རེད་ཅེས་ནག་ཉེས་བཙུགས་ཏེ། ད་ལོའི་ཕྱི་ཟླ་༡་ཚེས་༡༥་ནས་རྒྱ་ནག་གཞུང་གིས་དགེ་རྒན་ཆེན་མོ་ཨིལ་ཧམ་དཱོ་ཏི་ཞིན་ཅང་གི་རྒྱལ་ས་ཨུ་རུ་མུ་མཆིའི་ས་གནས་ཤིག་ཏུ་བཀག་ཉར་བྱས་ཀྱང་། གཟའ་མིག་དམར་ཉིན་ཨིལ་ཧམ་དཱོ་ཏི་རང་གི་ཁྲིམས་རྩོད་པ་ལི་ཧྥང་ཕིང་ལ་དུས་ཡུན་ཆུ་ཚོད་གསུམ་གྱི་རིང་དུ་ཐུག་འཕྲད་བྱེད་དུ་བཅུག་ཡོད་ཅིང་། ཁོང་གིས་ཁྲིམས་རྩོད་པར་ང་ལ་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པའི་ནག་ཉེས་བཙུགས་པ་འཁྱོག་བཤད་འབའ་ཞིག་ཡིན་པ་དང་དེ་ལ་དོན་དངོས་ཀྱི་ཁུངས་ལུང་སྤུ་ཙམ་མེད། ངས་མི་ངན་ཁ་མཐུན་གྱི་ཚོགས་པ་ཞིག་ནམ་ཡང་བཙུགས་མྱོང་མེད་ཅེས་གཞུང་གི་ཉེས་འཛུགས་ལ་དགག་པ་བརྒྱབ་ཡོད་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་དགེ་རྒན་ཆེན་མོ་ཨིལ་ཧམ་དཱོ་ཏི་བཀག་ཉར་བྱས་ནས་ཟླ་བ་༧་ལྷག་འགྲོ་ཡི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG