ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕྷ་རན་སིའི་ཕྱི་སྲིད་བློན་ཆེན་གྱིས་ཁུར་རྡིསེ་མི་རིགས་ཀྱི་འགོ་ཁྲིད་རྣམས་དང་མཇལ་འཕྲད།


ཨི་རག་གི་ས་ཁུལ་འགའ་ཞིག་དབང་བསྒྱུར་སྟངས་ འཛིན་བྱེད་མཁན་ཁ་ཆེ་དྲག་སྤྱོད་པ་རྣམས་ལ་ཕར་རྒོལ་བྱ་ ཐབས་ཇི་དགེའི་ཐད་གྲོས་བསྡུར་གནང་རྒྱུའི་ཆེད་ཕྷ་རན་སིའི་ ཕྱི་སྲིད་བློན་ཆེན་ལཽརནཊ་ཕྷ་བྷི་ཡསེ་ཡིས། ཨི་རག་དང་ཁུར་ རྡིསེ་མི་རིགས་ཀྱི་འགོ་ཁྲིད་རྣམས་ལ་རེས་གཟའ་ཉི་མའི་ཉིན་ མཇལ་འཕྲད་གནང་པའི་གནས་ཚུལ་འདི་ནི། ཨ་མེ་རི་ཀས་ ཁ་ཆེ་དྲག་སྤྱོད་པ་རྣམས་ཀྱི་ཐོག་མཁའ་ཐོག་ནས་དྲག་ རྒོལ་དེ་བས་མང་བ་བྱེད་བཞིན་པའི་སྐབས་འདིར་བྱས་པ་ཞིག་ ཡིན་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་ཨིས་ཇེབཊ་ཀྱི་རྒྱལ་ས་ཁའི་རོ་ ནས་སྤེལ་བའི་གནས་ཚུལ་ཞིག་བྱང་ཆུབ་སྒྲོལ་མས་ཕབ་བསྒྱུར་ དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG