ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨི་རག་གི་ནང་སྐྱོབ་གསོ་མཁོ་འདོན་གྱི་ལས་འཆར་སྤེལ་བ།


ཨི་རག་གི་ནང་ཁ་ཆེའི་རྒྱལ་ཁབ་ཅེས་ཟེར་བའི་སྷུ་ནཱི་ཁ་ཆེ་མཐར་ལྷུངས་རུ་ཚོགས་ཀྱི་དྲག་སྤྱོད་པ་རྣམས་ཀྱིས། ཆོས་ལུགས་དང་མི་རིགས་ཀྱི་ཆ་ནས་གྲངས་ཉུང་ཡིན་པའི་ཡུལ་དེའི་མི་རྣམས་ལ་གདུག་རྩུབ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། མི་ཁྲི་ཕྲག་མང་པོ་རང་ཁྱིམ་དོར་ནས་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེ་འདྲའི་སྐྱབས་བཅོལ་བ་རྣམས་ཀྱི་ཆེད་དུ་ཨི་རག་གི་བྱང་ཕྱོགས་ཁུལ་དུ། འདས་པའི་ལོ་སུམ་ཅུ་ཙམ་ཞིག་གི་ནང་སྤེལ་མྱོང་མེད་པའི་སྐྱོབ་གསོ་མཁོ་འདོན་གྱི་རོགས་རམ་གྱི་ལས་དོན་གཞི་རྒྱ་ཧ་ཅང་གི་ཆེན་པོ་ཞིག་སྤེལ་འགོ་བརྩམས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཧེན་རི་ རིཇ་ཝལ་གྱིས་སྤེལ་བའི་གནས་ཚུལ་དེ། ཡེ་ཤེས་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG