འཛམ་གླིང་།

གྷ་ཟའི་མེ་འཕེན་མཚམས་འཇོག་ལ་གནོན་ཤུགས།

པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་གྷ་ཟ་ལུང་གཤོང་ནས་ཨི་སི་རལ་ལ་མེ་ཤུགས་འཕུར་མདས་གཏོར་རྒོལ་བྱས་པ་དང་། ཨི་སི་རལ་གྱིས་ཧ་མ་སི་དྲག་སྤྱོད་ཤོག་ཁག་ལ་རྒོལ་ལན་སློག་སྟེ། དེ་རིང་གཟའ་པ་སངས་གཅིག་པུར་པ་ལི་སི་ཐན་གྱི་མི་མང་དཀྱུས་མ་༡༢་དང་འཐབ་མོ་བ་བཞི་བཅས་ཁྱོན་བསྡོམས་མི་༡༦་ལ་སྲོག་སྐྱོན་ཕོག་པ་དང་། ཁ་སྔོན་གཟའ་ལྷག་པ་ནས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་འཐབ་འཁྲུག་འགོ་ལངས་ནས་བཟུང་། ད་བར་པ་ལི་སི་ཐན་བ་༩༠་ཐམ་པ་དང་ཨི་སི་རལ་གྱི་མི་མང་དཀྱུས་མ་གསུམ་ལ་སྲོག་སྐྱོན་ཕོག་པ་དང་། མདང་དགོང་མཚན་མོར་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་ཨི་སི་རལ་གྱི་ལྷོ་ཕྱོགས་སུ་མེ་ཤུགས་འཕུར་མདའ་༡༢་བརྒྱབ་ཀྱང་། ཨི་སི་རལ་གྱི་ལྷོ་ཕྱོགས་སུ་མི་ལ་འཆི་རྨས་བྱུང་བའི་གནས་ཚུལ་གང་ཡང་ཐོན་མེད་པ་དང་། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་ལ་འཐབ་འཁྲུག་མཚམས་འཇོག་བྱེད་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་གི་ཡོད་པ་རེད།
གྷ་ཟའི་མེ་འཕེན་མཚམས་འཇོག་ལ་གནོན་ཤུགས།
གྷ་ཟའི་མེ་འཕེན་མཚམས་འཇོག་ལ་གནོན་ཤུགས།i
|| 0:00:00
...
 
🔇
X

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༩ཚེས་༢༦i
X
26.09.2014
ཨོ་བྷ་མས་རྒྱལ་ཚོགས་ལ་འབོད་སྐུལ། འཇིགས་སྐུལ་པར་གཏོར་རྒོལ། སྤྱོད་འཇུག་གསུང་ཆོས་ལེགས་གྲུབ། ལྷོ་ཤར་ཨེ་ཤི་ཡའི་ཆོས་ཞུ་བ། ཚོགས་ཆེན་ནས་ཕྱིར་འཐེན། ར་བཟི་ཉེན་རྟོག་པས་མི་ལ་རུབ་རྡུང། རྡ་སར་མཆོད་འབུལ་སྨོན་ལམ། རྒྱ་གར་གྱི་བར་སྣང་འཕྲུལ་སྐར། ཨ་རི་དང་ཨབ་གྷ་ཎི་སི་ཐན།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།