གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གཉིས་ཀྱིས་གཙོ་སྐྱོང་འོག་ཏུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་བསྐྱར་ཞིབ་བྱེད་པའི་གྲོས་མོལ་སྐོར་ཐེངས་གསུམ་པ་དེ་འགོ་ཚུགས་ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ལ་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།