ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་དམངས་གཙོ་དོན་གཉེར་པ་ཚོས་རྒྱ་གཞུང་གི་ཐག་གཅོད་ལ་ངོ་རྒོལ།


རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༧་ནས་ཧོང་ཀོང་གི་སྲིད་སྐྱོང་དམངས་གཙོའི་ལམ་ནས་མངའ་ཁུལ་དེའི་མི་དམངས་ལ་འོས་འདེམས་བྱེད་དུ་འཇུག་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཀྱང་། གཟའ་ཉི་མ་འདིར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་འཐུས་མི་ཚོས་ཧོང་ཀོང་ལ་དམངས་གཙོའི་འོས་འདེམས་བྱེད་ཆོག་པའི་ཐོབ་ཐང་ཆ་ཚང་ཞིག་སྤྲོད་རྒྱུ་མིན། ཧོང་ཀོང་གི་སྲིད་སྐྱོང་འོས་མི་རྒྱ་ནག་གི་ཕྱོགས་གཏོགས་པ་འདེམས་བསྐོ་ལྷན་ཚོགས་ཀྱི་འཐུས་མི་༡༢༠༠་ཡོད་པ་དེ་དག་ལ་གཏན་འབེབས་བྱེད་དུ་འཇུག་དགོས་ཞེས་ཐག་གཅོད་བྱས་ཏེ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་པ་ཚོས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མངའ་ཁུལ་དེའི་ཚོང་དོན་ལྟེ་གནས་འགོག་རྒྱུ་དང་། ཁོ་ཚོས་ཧོང་ཀོང་གི་ཚོང་ལས་དང་ནོར་སྲིད་ཀྱི་ལས་དོན་མཐའ་དག་བཀག་འགོག་བྱ་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་མོད། འོན་ཀྱང་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་འཐུས་མི་ལི་ཧྥེ་ཧོང་ཀོང་ལ་ཕེབས་ཏེ། ཁོང་གིས་གསར་འགོད་པ་དང་ཧོང་ཀོང་ས་གནས་ཀྱི་གཞུང་འབྲེལ་མི་སྣ་ཚོར་རྒྱ་ནག་ལ་མི་དགའ་བ་དང་ཧོང་ཀོང་ལ་མི་དགའ་བ། དབུས་གཞུང་གི་སྲིད་ཇུས་དང་ཐག་གཅོད་ལ་ཁ་གཏད་གཅོག་མཁན་ཞིག་ནམ་ཡང་ཧོང་ཀོང་གི་སྲིད་སྐྱོང་ལ་བསྐོ་བཞག་བྱ་མི་ཐུབ་ཅེས་ནན་བརྗོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG