ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་མདོ་ཀླུ་ཆུ་ནས་བྱིས་པ་གསུམ་གྱི་ཨ་ཕས་རང་སྲེག་ངོ་རྒོལ།


བོད་མདོ་སྨད་ཀླུ་ཆུ་ཨ་ལ་ཡུལ་ཚོའི་བོད་མི་རང་ལོ་༢༤ ཡིན་པ། བྱིས་པ་གསུམ་གྱི་ཨ་ཕ་ཡིན་པ་དགོན་པོ་ཚེ་རིང་གིས་དེ་རིང་ཚེས་༢༦་ཉིན་གྱི་དགོང་དྲོ་དུས་ཚོད་དྲུག་པ་ཙམ་ལ་ཀླུ་ཆུའི་ཨ་ལ་དེའུ་མགོ་དགོན་པའི་འདུ་ཁང་གི་ཐང་ཆེན་དུ་རང་ལུས་མེར་བསྲེགས་ཀྱིས། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་སྐད་འབོད་བྱས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག དེའི་རྗེས་དགོན་པའི་དགེ་མདུན་པ་ཚོས་མགོན་པོ་ཚེ་རིང་ཁོང་གི་སྡེ་བ་ཨ་ལའི་སྤོག་ཚ་སྡེ་བར་གདན་འདྲེན་ཞུས་ཡོད་པ་དང་ད་ལྟའི་ཆར་ཀླུ་ཆུ་ཨ་ལའི་ཚོ་བ་སྒྱུས་ཚང་དང་ཟམ་ཚང་སོགས་ནས་བོད་མི་སེར་སྐྱ་མང་ཚོགས་འཛོམས་ཏེ་བསྔོ་བ་སྨོན་ལམ་གསུངས་བཞིན་ཡོད་འདུག མགོན་པོ་ཚེ་རིང་མདོ་སྨད་ཀླུ་ཆུའི་ཡུལ་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གཉིས་པ་དེ་རེད་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG