ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བཙོན་འཇུག་གི་དུས་བཀག་བཟོས་ཚར་བའི་དགེ་འདུན་པའི་ཉེས་པ་ནང་མིས་ཤེས་རྟོགས་བྱུང་མེད་པ།


བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བཞི་ལ་ཉེ་ཆར་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ བཙོན་འཇུག་གི་དུས་བཀག་བཟོས་ཟིན་ཡོད་ན་ཡང་། ཁོང་རྣམས་ལ་ཉེས་པ་ག་རེ་བཀལ་ཡོད་པ་ནང་མི་ཚོས་གསལ་པོ་ཤེས་ཀྱི་མེད་པ་རེད། དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཀིརྟི་བྱིས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་གནང་གི་རེད།
XS
SM
MD
LG