བོད།

ཡུ་རོབ་མཉམ་འབྲེལ་དང་ཁེ་ན་ཌས་བོད་ནང་གི་རང་སྲེག་ངོ་རྒོལ་ལ་བློ་འཚབ།

པར་གཞིའི་ཚད། - +
ཡུ་རོབ་མཉམ་འབྲེལ་གྱི་ཆེས་མཐོའི་སྐུ་ཚབ་ཀྱིས་བོད་ནང་ལོགས་སུ་ན་གཞོན་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པར་བློ་ཕམ་ཆེན་པོ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་དང་ཁེ་ན་ཌའི་སྲིད་གཞུང་གིས་ཀྱང་བོད་ནང་ལ་རང་ལུས་མེར་སྲེག་གི་ཚབས་ཆེའི་གནས་ཚུལ་ཐོན་བཞིན་པར་རྒྱ་ནག་གཞུང་གིས་ཉེས་ཆད་དྲག་ཏུ་གཅོད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་པའི་སྐོར། བསོད་ནམས་གཡང་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།
ཡུ་རོབ་མཉམ་འབྲེལ་དང་ཁེ་ན་ཌས་བོད་ནང་གི་རང་སྲེག་ངོ་རྒོལ་ལ་བློ་འཚབ།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།