ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨིན་ཡུལ་དང་རྒྱ་གར་གཉིས་ཀྱིས་མཉམ་སྦྲེལ་གྱི་ལས་འཆར་ཤུགས་ཆེ་སྤེལ་རྒྱུ


གཟའ་ཟླ་བའི་ཉིན་ཨིན་ཇིའི་སྲིད་བློན་ཌེ་ཝིཌ་ ཁེམ་རན་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷཡེ་ནང་ཉིན་གྲངས་གསུམ་གྱི་རིང་འཚམས་འདྲི་གཟིགས་སྐོར་གནང་ཆེད་ཕེབས་ཡོད་པ་དང་དུས་མཚུངས་ཁོང་གིས་ཨིན་ཡུལ་དང་རྒྱ་གར་གཉིས་ནི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གི་མཉམ་སྦྲེལ་ཤུགས་ཆེར་གྱུར་རྒྱུ་ཡིན་པའི་གཏམ་བཤད་གནང་འདུག་པ་མ་ཟད་མཉམ་དུ་ཚོང་དོན་མི་སྣའི་འཐུས་མི་ཕོན་ཆེ་ཞིག་མཉམ་ཁྲིད་གནང་བ་བཅས་ལ་བརྟེན་ཨིན་ཡུལ་དང་རྒྱ་གར་གཉིས་ཀྱི་ལས་དོན་སྤྱི་དང་ལྷག་པར་དུ་གྲོང་ཁྱེར་མུམ་བྷཡེ་ནས་སྦེང་ལོར་གཉིས་གཙོས་པའི་ས་ཁུལཁག་གི་ནང་གྲོང་ཁྱེར་དང་རྗོང་སྡེ་གསར་རྒྱག་ཐོག་ལས་དོན་ཤུགས་ཆེ་བྱ་རྒྱུ་ཡིན་པའི་བཟོ་ལྟ་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG