ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཞིག་འདངས་གྲོངས།


ཉི་ཧོང་གི་མི་རིགས་ཡིན་པའི་ཨ་རིའི་གྲོས་ཚོགས་གོང་མར་མི་ལོ་༤༩་རིང་དེར་་སྲིད་ཞུ་སྒྲུབ་མྱོང་ཡོད་མཁན་གྱི་མི་སྣ་བྱས་རྗེས་ཅན་ཏེ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཌེ་ཎིལ་ཨི་ནོ་ཡེ་ཕྱི་ཟླ་༡༢་ཚེས་༡༧་ཉིན་སྐུ་ཚེའི་འཕེན་པ་རྗོགས་ཡོད་ཅིང་། གྲོས་ཚོགས་འཐུས་མི་དམ་དེ་ཉིད་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་དམག་ཁོངས་ལ་ཞུགས་ཏེ་གཟེངས་སུ་ཐོན་པའི་མཛད་རྗེས་བཞག་སྟེ། ཕྱིས་སུ་ཁོང་ཨ རིའི་གྲོས་ཚོགས་གོང་མའི་འཐུས་མིར་འདེམས་ཐོབ་བྱུང་ནས་ལོ་མང་ཤོས་ལ་ཞབས་ཕྱི་ཞུ་མཁན་ཞིག་ཏུ་གྱུར་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG