བོད།

༧གོང་ས་མཆོག་གིས་སོག་ཡུལ་གྱི་དད་ལྡན་པར་གསུང་ཆོས་བསྩལ་བ།

པར་གཞིའི་ཚད། - +
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་སོག་ཡུལ་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོར་འགྱུར་བའི་རྒྱལ་ཁབ་༥༤ཙམ་ནས་ཕེབས་པའི་མང་ཚོགས་༤༠༠༠་བརྒལ་བར་ཚེས་༢༠ཉིན་མོ་ལམ་རིམ་གསེར་གྱི་ཡང་ཞུན་མའི་གསུང་ཆོས་བསྩལ་བ་དང་དེ་རིང་གསང་བདག་ཕྱག་ན་རྡོ་རྗེ་འཁོར་ཆེན་གྱི་བཀའ་དབང་བསྩལ་གནང་མཛད་པ་སོགས་ཀྱི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།
༧གོང་ས་མཆོག་གིས་སོག་ཡུལ་གྱི་དད་ལྡན་པར་གསུང་ཆོས་བསྩལ་བ།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།