བོད།

བོད་མི་དང་ཐ་ཝན་སོགས་ཀྱིས་རྒྱ་ནག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་བགྲོ་གླེང་ཚུགས་པ།

x
པར་གཞིའི་ཚད། - +
སྤྱི་ཟླ་དགུ་པའི་ཚེས་༡༢རེས་གཟའ་ལྷག་པའི་ཉིན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་བལྟི་གནས་ཁང་གིས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་དུ་ཡོད་པའི་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཐ་ཝན་ནས་ཆེད་བསྔགས་ཕེབས་པའི་མཁས་པ་གསུམ་དང་ བོད་ཀྱི་ཁོར་ཡུག་ཐོག་ཉམས་ཞིབ་གནང་མཁན་བསྟན་འཛིན་ནོར་བུ་ལགས་སོགས་གདན་ཞུ་གནང་སྟེ་་ཐོག་བོད་ཀྱི་སྲིད་ཇུས་ཉམས་ཞིབ་པ་རྣམས་དང་ དེ་བཞིན་གཞུང་ཞབས་སྦྱོང་བརྡར་ཁོངས་སུ་བཞུགས་བཞིན་ཡོད་པའི་སློབ་གཉེར་བ་སོགས་ལ་དམིགས་པའི་ལས་རིམ་ཞིག་གོ་བསྒྲིགས་གནང་ཡོད་པའི་སྐོར་འདི་གའི་གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་་བཟང་མོ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ཞིག་གསན་གྱི་རེད།
བོད་མི་དང་ཐ་ཝན་སོགས་ཀྱིས་རྒྱ་ནག་ལ་གདོང་ལེན་བྱེད་ཕྱོགས་ཀྱི་བགྲོ་གླེང་ཚུགས་པ།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།