བོད།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཕྱོགས་བསྐྱོད།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དང་འཕྲོད་བསྟེན།་་་ནང་སྲིད་བཀའ་བློན་བཅས་སུད་སི་དང་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨ་རུ་ན་ཅལ་པར་སྡེ་ཤི་ནང་ཆེད་ཕེབས་གནང་འདུག་པ་མ་ཟད་ནང་སྲིད་བཀའ་བློན་སྒྲོལ་མ་རྒྱ་རི་དཀྱིལ་ཤར་ཡུལ་གྲུ་ཨིསི་རིལ་ནང་ཕེབས་ཡོད་པ་དང་། རིམ་པས་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ཏེ་བཀའ་བློན་རྣམ་པ་འཆར་འགོད་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཕེབས་རྒྱུའི་མཛད་འཆར་ཡོད་པའི་སྐོར་ཕྱི་དྲིལ་དྲུང་ཆེ་སྐུ་ཞབས་བཀྲིས་ཕུན་ཚོགས་ལགས་དང་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་སུ་ཚེ་བརྟན་ཆོས་སྒྲོན་གྱིས་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཕྱོགས་བསྐྱོད།
བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཕྱོགས་བསྐྱོད།i
|| 0:00:00
...    
🔇
X
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༥ ཟླ་ ༧ ཚེས་༢༩i
X
2015.07.29
སྲིད་འཛིན་ཨོ་བྷ་མའི་ཨ་ཧྥེ་རི་ཀའི་གཟིགས་སྐོར། ༧གོང་ས་མཆོག་གི་ལ་དྭགས་སུ་མཛད་འཕྲིན། སྲིད་འཛིན་དམ་པར་ཐུགས་གསོའི་གསུང་འཕྲིན། རྒྱ་གཞུང་གིས་བོད་མིར་དམ་དྲག ཀིརྟི་གདན་སའི་ཕར་ཕྱིན་དབྱར་ཆོས།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༥ ཟླ་ ༧ ཚེས་༢༩

སྲིད་འཛིན་ཨོ་བྷ་མའི་ཨ་ཧྥེ་རི་ཀའི་གཟིགས་སྐོར། ༧གོང་ས་མཆོག་གི་ལ་དྭགས་སུ་མཛད་འཕྲིན། སྲིད་འཛིན་དམ་པར་ཐུགས་གསོའི་གསུང་འཕྲིན། རྒྱ་གཞུང་གིས་བོད་མིར་དམ་དྲག ཀིརྟི་གདན་སའི་ཕར་ཕྱིན་དབྱར་ཆོས།
བརྙན་འཕྲིན།

བརྙན་འཕྲིན།  ཀུན་གླེང་།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན།
བརྙན་འཕྲིན།

བརྙན་འཕྲིན། འཕྲོད་བསྟེན་ལྷན་ཁང་དང་ནད་རིགས་སྔོན་འགོག

ཉེ་ཆར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ལགས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་པའི་སྐབས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་གི་དགོས་པ་དང་ལས་འགན། ལོ་ཤས་གོང་དུ་བོད་པ་བཙན་བྱོལ་བ་ཚོར་འཕྲོད་བསྟེན་ལྟ་སྐྱོང་འགན་སྲུང་གི་ལས་གཞི་ཞིག་གསར་གཏོད་བྱས་པ་དེར་གྲུབ་འབྲས་ཅི་ཙམ་འཐོན་གྱི་ཡོད་མེད་སོགས་ལ་བཅར་འདྲི་ཞུས་པ་ཞིག་གཟིགས་རོགས་གནང་།
བརྙན་འཕྲིན།

བརྙན་འཕྲིན། ཕུར བུ་ཚེ་རིང་།

ཕུར བུ་ཚེ་རིང་ལགས་ནི་སྔོན་ཆད་བོད་དང་རྒྱ་གར་གྱི་གདན་ས་སོགས་སུ་སློབ་གཉེར་གནང་ མྱོང་བའི་དགེ་འདུན་པ་ཞིག་ཡིན་ན་ཡང་། ལོ་ངོ་བདུན་ཙམ་གྱི་གོང་བཞུགས་སྒར་རྡ་རམ་ས་ལར་གནའ་དེང་བོད་ཀྱི་གྱོན་ཆས་བཟོ་ཚོང་ཁང་ཞེས་པ་གསར་འཛུགས་ཀྱིས། བོད་ ཀྱི་གྱོན་ཆས་ཚོང་འགྲེམས་གནང་འགོ་བཙུགས་པས། ད་ཆ་ཁོང་གིས་བོད་མི་ཚེམས་བཟོ་བ་བཅུ་གསུམ་ལ་ལས་ཀ་སྤྲད་དེ། ཚེམས་ཁང་དང་ཚོང་ཁང་བཅས་སྒོ་འབྱེད་བྱས་འདུག་ཅིང་ ཁོང་གིས་བརྗོད་དོན། རང་གི་འཚོ་གནས་ཐག་གཅོད་ཙམ་གྱི་ཆེད་དུ་ཚོང་ལས་འགོ་འཛུགས་བྱས་ཀྱང་།

འབྲེལ་མཐུད་བརྒྱུད་ལམ།