བོད།

རང་སྲེག་ངོ་རྒོལ་བྱེད་མཁན་རྟ་མགྲིན་འཚོའི་ཨ་ཕ་དང་གླེང་མོལ་བྱེད་པ།

པར་གཞིའི་ཚད། - +
སྤྱི་ཟླ་བཅུ་བའི་ཚེས་བདུན་ཉིན་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་བ་ཡོད་མཁན་རྟ་མགྲིན་འཚོ་ཡི་ཁྱིམ་དུ་སྐབས་དེར་ས་ཆ་གང་ས་ནས་བོད་མི་སྟོང་ཕྲག་བརྒལ་བས་ཁ་བཏགས་དང་མཆོད་མེ་ཁྱེར་ཏེ་གདུང་སེམས་མཉམ་སྐྱེད་བྱེད་པར་ཡོང་ཡོད་པ་རེད་ལ། གདུང་སེམས་མཉམ་སྐྱེད་བྱེད་པར་ཡོང་མཁན་བོད་མི་ཞིག་གིས། ཉིན་དེར་གདུང་སེམས་མཉམ་སྐྱེད་བྱེད་པར་ཡོང་མཁན་བོད་མི་རྣམས་ལ། རྟ་མགྲིན་འཚོ་ཡི་ཨ་ཕས་བཀའ་མོལ་གནང་ཡོད་པ་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་ཕབ་ཡོད་པ་ཕྱི་རྒྱལ་གྱི་བོད་ཡིག་གསར་ཁང་ཁག་ཏུ་འབྱོར་ཡོད། རྟ་མགྲིན་འཚོ་ཡི་ཨ་ཕས་བུ་མོ་རྟ་མགྲིན་འཚོ་ནི་བོད་མི་སྤྱིའི་དོན་དང་ལྷག་དོན་དུ་༧རྒྱལ་བ་པན་ཆེན་གཉིས་ཀྱི་ལོག་ཕེབས་རྒྱུའི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་ཡིན་པ་ལས་ནང་མི་དང་བཟའ་ཚང་གི་དོན་དུ་གཏན་ནས་མ་ཡིན་པ་གསུངས་ཡོད་པ་སོགས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།
རང་སྲེག་ངོ་རྒོལ་བྱེད་མཁན་རྟ་མགྲིན་འཚོའི་ཨ་ཕ་དང་གླེང་མོལ་བྱེད་པ།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བ་དང་ཤུགས་རྐྱེན།

ཐེངས་འདིའི་ལས་རིམ་ནང་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བདུན་ཕྲག་འདིའི་ནང་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་སྐབས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམ་པའི་དོ་སྣང་བྱ་ཡུལ་གཙོ་བོ་དག་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་ལ་བསྐྱར་ཞིབ་སྒོས་བགྲོ་གླེང་བྱེད་རྒྱུ་ཡིན། ལས་རིམ་ནང་དུ་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་དང་དེ་བཞིན་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།