ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

སོག་པོའི་རང་བཙན་དང་གོང་བུ་གཅིག་གྱུར་ལ་བརྩི་འཇོག་བྱ་རྒྱུའི་ཁས་ལེན།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་སོག་ཡུལ་ལ་འཚམས་འདྲིར་ཕེབས་པ་དང་། གཟའ་པ་སངས་ཉིན་ཞིས་ཅིན་ཕིང་གིས་སོག་པོའི་རྒྱལ་ཡོངས་གྲོས་ཚོགས་ལ་གཏམ་བཤད་བྱས་ཏེ། ཁོང་གིས་སོག་ཡུལ་གྱི་རང་བཙན་དང་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྒྱ་ནག་གིས་བརྩི་འཇོག་བྱ་རྒྱུ་དང་། རྒྱ་ནག་གིས་སོག་ཡུལ་གྱི་རང་བཙན་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་འཇོག་བྱ་བའི་སྲིད་ཇུས་འདི་གཏན་དུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། རྒྱ་ནག་གི་ཡར་རྒྱས་གོང་འཕེལ་གྱི་མཉམ་དུ་སོག་ཡུལ་མདུན་སྐྱོད་བྱས་ན་དགའ་བསུ་ཡོད་ཅེས་བཤད་ཡོད་ཅིང་། ཞིས་ཅིན་ཕིང་གི་འཚམས་འདྲི་འདི་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཞིག་སོག་ཡུལ་ལ་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་པ་མ་ཟད། སོག་ཡུལ་གྱི་རང་བཙན་དང་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྒྱ་ནག་གིས་བརྩི་འཇོག་བྱ་རྒྱུ་ཡིན་ཞེས་སོག་པོའི་རྒྱལ་ཡོངས་གྲོས་ཚོགས་ལ་གཏམ་བཤད་བྱེད་མཁན་ཞིས་ཅིན་ཕིང་ཆེས་ཐོག་མ་ཡིན་པས། སོག་ཡུལ་གྱི་གྲོས་ཚོགས་འཐུས་མི་ཚོས་ཀྱང་བོད་དོན་དང་ཐེ་ཝན་གྱི་གནད་དོན་ཐོག་ཏུ་སོག་པོའི་གཞུང་གིས་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་ཅེས་ལན་འདེབས་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG