ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཞིས་ཅིན་ཕིང་གི་ལྷོ་ཀོ་རི་ཡའི་འཚམས་འདྲི།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ། སྲིད་འཛིན་ཕག་གིན་ཧེ་ལ་རྒྱ་ནག་དང་ལྷོ་ཀོ་རི་ཡའི་ཚོང་ལས་དང་དཔལ་འབྱོར། ཕྱི་འབྲེལ་བཅས་ཀྱི་འབྲེལ་བ་ཡག་ཏུ་གཏོང་བར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་སྲིད་འཛིན་ཞིག་སྔོན་ལ་བྱང་ཀོ་རི་ཡར་འཚམས་འདྲིར་མ་ཕེབས་པར་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་དེ་ནི། རྒྱ་ནག་དང་བྱང་ཀོ་རི་ཡ་དམར་ཤོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་ཡོད་པའི་རྟགས་མཚན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྷོ་ཀོ་རི་ཡ་དང་རྒྱ་ནག་གི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ཐུག་འཕྲད་གྲོས་མོལ་དེར་བྱང་ཀོ་རི་ཡས་ཀྱང་རྟོག་ཞིབ་གཟབ་ནན་བྱེད་ཀྱིན་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG