བོད།

ལོ་གསར་ཚེས་༢་ཉིན་འབྲས་སྤུངས་སུ་དམག་མི་ཁྱོན་ཆེ་འགྲེམ་འཇོག

པར་གཞིའི་ཚད། - +
བོད་ཆུ་སྤྲུལ་ལོ་སར་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་ཁག་ཏུ་དམག་མི་དང་ཉེན་རྟོགས་པ་ཕོན་ཆེན་འགྲེམ་འཇོག་གིས་དམ་དྲག་ཤུགས་ཆེན་བྱས་པ་མ་ཟད། ལོ་སར་ཚེས་༢་ཉིན་ལྷ་སའི་འབྲས་སྤུངས་དགོན་པར་སྲོལ་རྒྱུན་ལྟར་གནས་ཆུང་ལྷ་རྩེད་ཀྱི་མཛད་སྒོ་ཚོགས་ཀྱང་དགོན་པའི་སྟེང་འོག་གང་སར་ལས་དོན་རུ་ཁག་དང་མེ་གསོད་རུ་ཁག ད་དུང་དམག་མི་སོགས་གང་སར་བཀྲམ་ཡོད་པའི་བརྙན་པར་བཅས་གནས་ཚུལ་ཞིབ་ཕྲ་ཕྱི་ལ་འབྱོར་ཡོད་པའི་སྐོར། ང་ཚོའི་གསར་འགྱུར་མཁོ་སྤྲོད་པར་པ་སངས་དབྱངས་སྐྱིད་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
ལོ་གསར་ཚེས་༢་ཉིན་འབྲས་སྤུངས་སུ་དམག་མི་ཁྱོན་ཆེ་འགྲེམ་འཇོག
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། དགེ་བཤེས་བློ་བཟང་བཀྲིས།

དགེ་བཤེས་བློ་བཟང་བཀྲིས་ལགས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེར་འཁྲུངས་ཡོད་པ་ དང། ལོ་ན་ཆུང་དུས་རྒྱ་གར་ལྷོ་ཕྱོགས་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཆོས་ཞུགས་ གནང་ཡོད་པ་རེད། རིམ་བཞིན་སྒོ་མང་གྲྭ་ཚང་གི་དབུ་མཛད་ལ་བསྐོ་བཞག་བྱུང་ཏེ་གྲྭ་ཚང་ གི་དབུ་མཛད་ལོ་ངོ་བདུན་གནང་འདུག། 2003 ལོར་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ མཆོག་ཁོང་དཔལ་ལྡན་འབྲས་སྤུངས་དགོན་པའི་ཚོགས་ཆེན་དབུ་མཛད་ལ་བསྐོ་བཞག་ མཛད་ཡོད་པ་དང་དུས་མཚུངས་ཁོང་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དབུ་མཛད་ཡང་ གནང་མུས་རེད།

འབྲེལ་མཐུད་བརྒྱུད་ལམ།