རྒྱ་ནག

རྒྱ་གཞུང་གིས་པའོ་ཤི་ལེ་ལ་ཁྲིམས་ཐག་གཅོད་མི་མི་ཐུབ་པའི་དཀའ་ངལ།

x
ད་ལོའི་མགོ་སྟོད་དེར་རྒྱ་ནག་གཞུང་གིས་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་པའོ་ཤི་ལེ་གནས་དབྱུང་བཏང་ནས་བཟུང་། འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་དེར་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་སུ་བྱུང་མྱོང་མེད་མཚན་ཤས་ཆེན་པོ་ཞིག་བྱུང་ཡོད་པ་དང་། ཁ་རྩང་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་ཁྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཟུར་པ་སྟེ། པའོ་ཤི་ལེའི་ཆུང་མ་གུ་ཁེ་ལེ་ཡིས་དབྱིན་ཇིའི་ཚོང་པ་ཞིག་ལ་དུག་སྤྲད་ནས་མི་བསད་པའི་ནག་ཉེས་བཙུགས་པ་དང་། དེར་བརྟེན་གུ་ཁེ་ལེ་ལ་རྒྱ་ནག་གཞུང་གིས་སྲོག་ཁྲིམས་བཅད་ནས་གསོད་སྲིད་པའི་ཉེན་ཀ་ཆེན་པོ་ཡོད་རུང་། ད་སྔ་རྒྱ་ནག་གཞུང་གིས་པའོ་ཤི་ལེ་མི་བསད་པའི་ནག་ཉེས་དེར་འབྲེལ་བ་ཡོད་པའི་སྐྱོན་འཛུགས་བྱས་མེད་པ་དང་། ཁོང་ལ་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་འགལ་འཛོལ་བྱས་པ་དང་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ལོ་སྨད་འདིར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པ་འཚོགས་འཆར་ཡོད་པས། རྒྱ་ནག་གཞུང་གིས་པའོ་ཤི་ལེ་ལ་ཁྲིམས་གཅོད་ཇི་ལྟར་བྱེད་དགོས་མིན་ཐག་མ་ཆོད་པར་དཀའ་ངལ་འཕྲད་ཡོད་པ་རེད།
རྒྱ་གཞུང་གིས་པའོ་ཤི་ལེ་ལ་ཁྲིམས་ཐག་གཅོད་མི་མི་ཐུབ་པའི་དཀའ་ངལ།
རྒྱ་གཞུང་གིས་པའོ་ཤི་ལེ་ལ་ཁྲིམས་ཐག་གཅོད་མི་མི་ཐུབ་པའི་དཀའ་ངལ།i
|| 0:00:00
...
 
🔇
X

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༡༠ཚེས་༢༤i
X
24.10.2014
ཁེ་ན་ཊའི་མཛད་འཕྲིན། བཙན་བྱོལ་བོད་མིར་མཐུན་སྦྱོར་སྲིད་བྱུས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུ། ཨེ་བྷོ་ལཱའི་ནད་པ་དྲག་སྐྱེད།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།