ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་སི་རི་ཡའི་ནང་འཁྲུག་ལ་འགན་འཁྲི་མི་ལེན་པ།


ལོ་ངོ་གཉིས་ཀྱི་གོང་ནས་སི་རི་ཡའི་མི་མང་གི་སྲིད་འཛིན་ཨ་སཏ་ཀྱི་གཞུང་ལ་གྱེན་ལོག་བྱས་ནས་བཟུང་། ད་བར་སི་རི་ཡའི་ནང་འཁྲུག་སྐབས་སུ་མི་སྟོང་ཕྲག་༤་ལྷག་ལ་སྲོག་སྐྱོན་ཕོག་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་གཞུང་ལ་ཉེས་ཆད་གཅོད་དགོས་པའི་གྲོས་ཆོད་ཐེངས་འགའ་ཞིག་འཇོག་ཐབས་བྱས་ཀྱང་། རྒྱ་ནག་དང་ར་ཤི་ཡ་གཉིས་ཀྱིས་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་ལ་བཀག་འགོག་བྱས་པ་དང་། གཟའ་འཁོར་འདིར་ཧྥ་རན་སི་དང་དབྱིན་ཇི། ཨ་མི་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བས་སི་རི་ཡའི་ཁ་གཏད་མཉམ་འབྲེལ་ཚོགས་པ་སི་རི་ཡའི་ཁྲིམས་མཐུན་སྲིད་གཞུང་ངོ་མ་ཡིན་པའི་ངོས་ལེན་བྱས་ཏེ། ཁོ་ཚོས་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སི་རི་ཡའི་སྲིད་འཛིན་ཨ་སཏ་ཀྱི་གཞུང་ལ་ཉེས་ཆད་གཅོད་དགོས་པའི་ནན་བརྗོད་བྱས་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་དབྱིང་ཁྲུན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། སི་རི་ཡའི་གཞུང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉེས་ཆད་གཅོད་མི་དགོས་པ་རྒྱུ་དང་། རྒྱལ་ཁབ་དེའི་ནང་འཁྲུག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་གཏོགས་བྱེད་རྒྱུ་དེར་རྒྱ་ནག་གིས་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ཤིག་བཟུང་ཡོད་པ་དེར་འགྱུར་བ་མེད་ཅེས་བཤད་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG