ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨཽ་བྷ་མ་ཨེ་ཤི་ཡེའི་ཡུལ་གྲུ་འགའ་ཞིག་ལ་ཆེད་ཕེབས་གནང་བར་རྒྱ་ནག་གིས་བློ་འཚབ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ ཨཽ་བྷ་མ་ཨེ་ཤི་ཡེའི་རྒྱལ་ཁབ་བཞི་ལ་འཚམས་འདྲིར་ཕེབས་པའི་སྐབས། ཁོང་གིས། གལ་ཏེ་འབྱུང་འགྱུར་རྒྱ་ནག་གི་ཤར་ཕྱོགས་རྒྱ་མཚོའི་ནང་ཡོད་པའི་གླིང་ཕྲན་ཁག་གི་བདག་དབང་གི་ཐད་རྒྱ་ནག་དང་ཉི་ཧོང་འཁོན་འཁྲུག་བྱུང་བ་ཡིན་ན། ཨ་མི་རི་ཀས་ཉི་ཧོང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་པ་མ་ཟད། ཕེར་ལི་པིན་གྱི་ནང་ཨ་མི་རི་ཀའི་དམག་མི་འཇོག་རྒྱུའི་གྲོས་མཐུན་གསར་པ་ཞིག་ཀྱང་བཞག་ཡོད་པ་བཅས་ལ་བརྟེན་ནས། མི་འགའ་ཞིག་གིས་ད་རེས་སྲིད་འཛིན་གྱི་འཚམས་འདྲི་དེ་ནི་རྒྱ་ནག་གནོན་སྡོམ་བྱ་རྒྱུར་དམིགས་པ་ཞིག་ཡིན་ཚུལ་བརྗོད་མཁན་ཡང་ཡོང་གི་ཡོད་པ་བཅས་ཀྱི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་བྷིལ་ ཨཱ་ཡི་ཌི་ཡིས་སྤེལ་བའི་གནས་ཚུལ་དེ་ཡེ་ཤེས་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG