རྒྱ་ནག

ལྷོ་ཕྱོགས་བདུན་རེའི་ཚགས་པར་བསྐྱར་དུ་དཔར་འགྲེམ།

རྒྱ་ནག་གཞུང་གིས་ལྷོ་ཕྱོགས་བདུན་རེའི་ཚགས་པར་གྱི་ཆེད་བརྗོད་ལ་ཞིབ་བཤེར་བྱས་ཏེ་ཚགས་པར་དེའི་རྩོམ་སྒྲིག་པ་དང་ལས་བྱེད་པ་ཚོས་གཞུང་གི་ཞིབ་བཤེར་ལ་ངོ་རྒོལ་བྱས་ནས་ཉིན་ཤས་རིང་ལས་མཚམས་བཞག་ཀྱང་། ད་ལྟ་རྒྱ་ནག་གཞུང་གིས་ལྷོ་ཕྱོགས་བདུན་རེའི་ཚགས་པར་གྱི་ཆེད་བརྗོད་སོགས་ལ་ཐད་ཀར་ཞིབ་བཤེར་བྱ་རྒྱུ་མིན་པའི་ཁས་ལེན་བྱས་ཤིང་། དེ་རིང་གཟའ་ཕུར་བུའི་ཉིན་ལྷོ་ཕྱོགས་ཉིན་རེའི་ཚགས་པར་སྔར་བཞིན་དཔར་འགྲེམ་བྱས་ཏེ། རྒྱ་ནག་རྒྱལ་ཡོངས་སུ་སྐད་གྲགས་དང་ཤུགས་རྐྱེན་ཆེ་བའི་ཚགས་པར་དེར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད་པ་དང་། ཁ་སང་གཟའ་ལྷག་པའི་ཉིན་རྩོམ་སྒྲིག་པ་དང་ལས་བྱེད་པ་ཁག་ཅིག་གིས་ལྷོ་ཕྱོགས་བདུན་རེའི་ཚགས་པར་རྒྱ་ནག་ལ་སྒྱུར་བཅོས་གཏོང་བར་ལེགས་སྐྱེས་ཆེན་པོ་ཕུལ་པའི་ཚགས་པར་ཞིག་ཡིན་ཞེས་ཐབས་མཁས་ཀྱི་སྒོ་ནས་བསྔགས་བརྗོད་ཀྱི་ཆེད་བརྗོད་ཅིང་བྲིས་ཀྱང་ལྷོ་ཕྱོགས་བདུན་རེའི་ཚགས་པར་གྱི་འཛིན་སྐྱོང་བ་ཚོས་ཐེངས་འདིའི་ཆེད་བརྗོད་ལ་མོས་མཐུན་མ་བྱས་པར་དཔར་འགྲེམ་བྱས་ཐུབ་མེད་པ་རེད།།
ལྷོ་ཕྱོགས་བདུན་རེའི་ཚགས་པར་བསྐྱར་དུ་དཔར་འགྲེམ།
ལྷོ་ཕྱོགས་བདུན་རེའི་ཚགས་པར་བསྐྱར་དུ་དཔར་འགྲེམ།i
|| 0:00:00
...
 
🔇
X

ཀུན་གླེང་གསར་འགྱུར།

Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༡༠ཚེས་༢༤i
X
24.10.2014
ཁེ་ན་ཊའི་མཛད་འཕྲིན། བཙན་བྱོལ་བོད་མིར་མཐུན་སྦྱོར་སྲིད་བྱུས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུ། ཨེ་བྷོ་ལཱའི་ནད་པ་དྲག་སྐྱེད།

འབྲེལ་མཐུད་བརྒྱུད་ལམ་ཁག

ངོ་དེབ།