བོད།

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་བོད་པ་༧༠་ཐམ་པ་བཀག་ཉར།

ཉེ་ཆར་ཕྱི་ཟླ་༡་ཚེས་༣༡་ཉིན་རྒྱ་ནག་གཞུང་གིས་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་པ་གཉིས་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་པ་དྲུག་བཅས་ཁྱོན་བསྡོམས་པ་མི་༨་ལ་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལ་འབྲེལ་བ་ཡོད་པའི་ནག་ཉེས་བཙུགས་ནས་ལོ་ངོ་གཉིས་ཀྱི་རྗེས་སུ་སྲོག་ཁྲིམས་ལག་ལེན་བསྟར་རྒྱུ་ནས་ལོ་ངོ་གསུམ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཟིན་ཅིང་། ཕྱི་ཟླ་༢་ཚེས་༧་ཉིན་རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་བྱུང་བའི་རང་ལུས་མེར་བསྲེགས་ལ་འབྲེལ་བ་ཡོད་པའི་མི་༧༠་ཐམ་པ་བཀག་ཉར་བྱས་ཡོད། ཁོང་ཚོའི་གྲས་ཀྱི་མི་༡༢་དངོས་སུ་འཛིན་བཟུང་བྱས་པ་ཡིན། རྒྱ་ནག་གཞུང་གིས་མི་དེ་དག་གི་ནག་ཉེས་ཆེ་ཆུང་ལ་གཞིགས་ནས་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེ་ལས་ཁང་གི་འགོ་ཁྲིད་གཞོན་པ་ལུ་པེན་ཆོན་གྱིས་གྱོད་གཞི་དེ་ཚོར་ང་ཚོས་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱེད་རྒྱུ་དང་། མི་ལ་རང་ལུས་མེར་སྲེག་གཏོང་དགོས་པའི་ངན་སྐུལ་བྱེད་མཁན་ཚོར་ཁྲིམས་གཅོད་དྲག་པོ་བྱེད་རྒྱུ་ཞེས་བཤད་ཡོད་པ་རེད།།
རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་བོད་པ་༧༠་ཐམ་པ་བཀག་ཉར།
རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་བོད་པ་༧༠་ཐམ་པ་བཀག་ཉར།i
|| 0:00:00
...    
🔇
X
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
ཡར་ཀླུང་གཙང་པོའི་ཆུ་ཤུགས་གློག་ཁང་།i
X
28.11.2014
ཀུན་གླེང་ལས་རིམ་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་ཐོག་རྫམ་ཆུ་ཤུགས་གློག་ཁང་གསར་རྒྱག་གིས་གློག་གཏོང་འགོ་ཚུགས་ཡོད་པ་དེར་རྒྱ་གར་དང་བྷང་གྷ་ལ་སོགས་ལ་བློ་ཚབ་ཡོང་གི་ཡོད་པའི་སྐོར། རྡ་རམ་ས་ལ་ནས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་གདན་འདྲེན་ཞུས་ཡོད།
བརྙན་འཕྲིན།

བརྙན་འཕྲིན། ཡར་ཀླུང་གཙང་པོའི་ཆུ་ཤུགས་གློག་ཁང་།

ཀུན་གླེང་ལས་རིམ་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་ཐོག་རྫམ་ཆུ་ཤུགས་གློག་ཁང་གསར་རྒྱག་གིས་གློག་གཏོང་འགོ་ཚུགས་ཡོད་པ་དེར་རྒྱ་གར་དང་བྷང་གྷ་ལ་སོགས་ལ་བློ་ཚབ་ཡོང་གི་ཡོད་པའི་སྐོར། རྡ་རམ་ས་ལ་ནས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་ཉམས་ཞིབ་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་གདན་འདྲེན་ཞུས་ཡོད།
བརྙན་འཕྲིན།

བརྙན་འཕྲིན། དར་རྩེ་མདོ་ཁུལ་དུ་ས་ཡོམ་གྱི་གོད་ཆག

ཀུན་གླེང་ལས་རིམ་ནང་ཁམས་དར་རྩེ་མདོའི་ཁུལ་དུ་ས་ཡོམ་རྗེས་གཏོར་སྐྱོན་ཅི་ཙམ་བྱུང་ཡོད་མིན་དང་འདི་ཁུལ་གྱི་ལོ་རྒྱུས་གནས་ཚུལ་སོགས་ཀྱི་ཐད། རྡ་རམ་ས་ལ་ནས་ཁམས་པའི་ལོ་རྒྱུས་ཉམས་ཞིབ་པ་དང་མི་ཉག་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐིའུ་སྟོབས་ལྡན་ལགས་གདན་འདྲེན་ཞུས་ཡོད།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་འགྱུར། ༢༠༡༤ ཟླ་ ༡༡ཚེས་༢༨

རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པར་མཇལ་འཕྲད། ཁེ་ཎ་ཌ་དང་ཨ་རིར་ཆེད་ཕེབས། དྲིན་གཟོའི་ཉིན་མོ། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་བརྒྱད་ཀྱི་ཚོགས་ཆེན། བོད་པའི་སྐུ་ཐང་རྙིང་པ། རྣལ་འབྱོར་ཉམས་བཞེས། སེ་ཁོ་ཊེ་ལེཎ་ཌེའི་རང་སྐྱོང་།
བརྙན་འཕྲིན།

བརྙན་འཕྲིན། ཀུན་གླེང་གསར་ཤོས།

འབྲེལ་མཐུད་བརྒྱུད་ལམ།