ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དངུལ་ལོར་གྱི་འཛའ་ཐང་ཐད་ཨ་རིའི་སྐྱོན་བརྗོད་ལ་རྒྱ་ནག་གིས་ངོས་ལེན་ཞུ་གི་མེད་པ།


རྒྱ་ནག་གི་དངུལ་ལོར་གྱི་འཛའ་ཐང་ཧ་ཅང་གི་དམའ་བོར་འཇོག་དྲགས་ཀྱི་ཡོད་ལུགས་ཨ་མེ་རི་ཀའི་གཞུང་གིས་ཉེན་བརྡ་གཏོང་གི་ཡོད་པར། རྒྱ་ ནག་གིས་རེས་གཟའ་ལྷག་པའི་ཉིན་ལན་འདེབས་བྱས་པ་ཞིག་གི་ནང་། རྒྱ་ནག་ གི་དངུལ་ལོར་བརྗེ་སྒྱུར་གྱི་ཚད་གཞིར་ལེགས་བཅོས་དང་འཁོད་སྙོམ་བཟོ་རྒྱུའི་ དམིགས་ཡུལ་བཟུང་བཞིན་ཡོད་པ་ལ་ཨ་མེ་རི་ཀས་ངོས་འཛིན་བྱེད་དགོས་ ལུགས་བརྗོད་དེ། ཨ་མེ་རི་ཀའི་སྐྱོན་བརྗོད་ལ་རྒྱ་ནག་གིས་ངོས་ལེན་ཚུལ་མཐུན་ བྱེད་ཀྱི་མེད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་ རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་ གྱི་རེད།
XS
SM
MD
LG