ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ལས་འགུལ་བ་བཞི་ལ་བཙོན་འཇུག་གི་ཁྲིམས་གཅོད།


རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཏིང་ཅཱ་ཞི་ལ་ལོ་གསུམ་དང་ཕྱེད་ཀའི་བཙོན་འཇུག་གི་ཁྲིམས་ཐག་དང་མི་མང་གི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ཀྲའོ་ཁྲང་ཆིང་ལ་ལོ་གཉིས་དང་ཕྱེད་ཀ ཀྲང་པའོ་ཁྲེང་དང་ལི་ཝེའི་གཉིས་ལ་ལོ་གཉིས་རེའི་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ཏིང་ཅཱ་ཞི་དང་ཀྲའོ་ཁྲང་ཆིང་སོགས་ཀྱི་ནག་ཉེས་ནི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ལྐོག་ཟ་དང་ཁྲིམས་འགལ་བྱེད་ཀྱི་ཡོད་པ་ཐེར་འདོན་དང་། ཁོ་ཚོས་རྒྱ་ནག་གི་རིམ་པ་ཁག་གི་འགོ་ཁྲིད་ཚོར་རྒྱུ་དངོས་ཅི་ཡོད་མི་དམངས་ལ་གསལ་བསྒྲགས་བྱེད་དགོས་ཞེས་སྐད་འབོད་བྱས་ནས་བཙོན་འཇུག་གི་ཉེས་ཆད་ཕོག་ཅིང་། བདུན་ཕྲག་སྔོན་མར་རྒྱ་ནག་གི་ཁྲིམས་ཁང་དེས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཤུའི་ཀྲི་ཡུང་ལ་སྔོན་ཆད་ལོ་བཞིའི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དེར་འགྱུར་བ་མེད་ཅེས་བསྐྱར་དུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG