ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གི་ལྐོག་ཟ་རུལ་སུངས་འཐབ་རྒོལ་ལ་ནུས་པ་མི་འཐོན་པའི་དགག་རྩ།


རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་མ་ཐག་ཏུ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དྲག་པོ་བྱ་རྒྱུ་ཡིན་ཞེས་དམ་བཅའ་བཞག་སྟེ། ཁོང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་ལྐོག་ཟ་རུལ་སུངས་གཙང་དག་བྱེད་རྒྱུའི་ལས་འགུལ་ཞིག་འགོ་བརྩམས་པ་དང་། ཕྱི་ལོ་༢༠༡༤་ལོའི་མགོ་སྟོད་ཟླ་བ་དྲུག་གི་རིང་ལ་རྒྱ་ནག་གཞུང་གིས་མི་ཁྲི་ཚོ་༢་དང་སྟོང་ཕྲག་༥་ལྷག་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱས་འདུག དེ་ཡང་ཕྱི་ཟླ་༧་ཚེས་༢༥་ཉིན་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ད་ལོའི་ཟླ་བ་དྲུག་གི་རིང་ལ་རྒྱ་ནག་གཞུང་གིས་ཞིབ་འཇུག་བྱས་པའི་ལས་སྣེ་དེ་ཚོ་མི་དམངས་ཤོག་སྒོར་ཁྲི་ཚོ་ལྔ་ནས་འབུམ་གཅིག་ཡས་མས་རེ་ལྐོག་ཟ་བྱས་པའི་ལས་བྱེད་པ་ཡིན། ལོ་འདིའི་མགོ་སྟོད་ཟླ་བ་༦་གི་རིང་ལ་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱས་པའི་མིའི་གྲངས་འབོར་དེ་སྔ་ལོའི་མགོ་སྟོད་ཟལ་བ་༦་གི་རིང་ལ་ཞིབ་འཇུག་བྱས་པའི་མིའི་གྲངས་འབོར་ལ་བསྡུར་ཚེ། ཕྱི་ལོ་༢༠༡༤་ལོའི་མགོ་སྟོད་ཟླ་བ་༦་གི་རིང་ལ་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཐོག་ཏུ་ཞིབ་འཇུག་བྱས་པའི་མིའི་གྲངས་འབོར་བརྒྱ་ཆ་༡༤་འཕར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG