བོད།

ལྷ་སར་ཨ་མདོའི་ཚོང་པ་ཚོར་དཀའ་ངལ།

པར་གཞིའི་ཚད། - +
རྒྱ་ནག་གཞུང་གིས་ཆབ་སྲིད་གནད་དོན་ཐད་དུ་དམ་དྲག་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ཉེ་བའི་ལོ་ཤས་ནས་ལྷ་སར་ཡོད་པའི་ཨ་མདོའི་ཚོང་པ་ཚོར་ཚོང་ལས་ཐོག་ཏུ་གྱོང་གུད་ཆེན་པོ་ཐེབས་བཞིན་ཡོད་ཅིང་། ཕ་ཡུལ་གྱི་སྒོ་ཕྱུགས་དང་ས་ཞིང་བཙོངས་ཏེ་ལྷ་སར་གནས་སྤོར་བྱས་ཏེ་ཚོང་ལས་གཉེར་མཁན་ཨ་མདོ་བའི་ཚོང་པ་གསར་པ་མང་པོ་ཞིག་གི་འཚོ་རྟེན་བརླག་འགྲོ་བའི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་མཁོ་འདོན་པ་ཙ་ཡུས་ཕུན་ཚོགས་ལགས་སུ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།།
ལྷ་སར་ཨ་མདོའི་ཚོང་པ་ཚོར་དཀའ་ངལ།
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
བརྙན་འཕྲིན།

བརྙན་འཕྲིན། ༧གོང་ས་མཆོག་གི་ཆིབས་སྒྱུར་མཛད་འཕྲིན་དང་གལ་ཆེའི་བཀའ་སློབ།

དེ་རིང་གི་ལས་རིམ་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རིའི་ནང་དུ་བསྐྱངས་བཞིན་པའི་ཆིབས་སྒྱུར་སྐོར་དང་འདས་པའི་དུས་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་སྐོར་ལ་གལ་ཆེའི་བཀའ་སློབ་བསྩལ་བ་ཁག་ཅིག་ བཅས་སྟོན་རྒྱུ་ཡིན། བགྲོ་གླེང་ལས་རིམ་ནང་དུ་ང་ཚོའི་ལས་བྱེད་པདྨ་རྡོ་རྗེ་ལགས་གདན་འདྲེན་ཞུས་ཡོད།

འབྲེལ་མཐུད་བརྒྱུད་ལམ།