ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པར་ཞིབ་འཇུག


ཞི་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་གི་མི་རབས་ལྔ་བའི་འགོ་ཁྲིད་ཚོས་སྲིད་དབང་བཟུང་ནས་བདུན་ཕྲག་གསུམ་ལས་སོང་མེད་ཅིང། ཕྱི་ཟླ་༡༢་ཚེས་༥་ཉིན་ཞིན་ཧྭ་གསར་འགྱུར་ལས་ཁང་དང་པེ་ཅིང་ན་གཞོན་ཉིན་རེའི་ཚགས་པར་སོགས་ཀྱིས་གནས་ཚུལ་སྤེལ་པ་ལྟར་ན། རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་འགོ་ཁྲིད་ཅིག་ལ་ལྐོག་ཟ་བྱས་པའི་ནག་ཉེས་ཡོད་མེད་ཞིབ་འཇུག་བྱེད་རྒྱུ་འགོ་ཚུགས་ཡོད་པ་དང་། ཉམས་ཞིབ་པ་ཚོས་ཞི་ཅིན་ཕིང་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་རྒྱུ་ཡིན་ཟེར་པ་ངོ་མ་ལག་ལེན་བསྟར་རྒྱུ་ཡིན་པའི་རེ་བ་འཆང་གི་ཡོད་པ་མ་ཟད། རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་དང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་སོགས་ཀྱིས་ཕྱི་ཟླ་༡༡་ཚེས་༡༩་ནས་བཟུང་། རང་ལོ་༥༦་ལ་སོན་པའི་སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ལི་ཁྲུན་ཁྲེང་གར་སོང་ཆ་མེད་དུ་གྱུར་པ་དང་། ཁ་རྩང་གཟའ་མིག་དམར་ཉིན་སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་འགོ་ཁྲིད་རྣམ་པའི་ཚོགས་འདུ་གལ་ཆེ་ཞིག་ཚོགས་པ་དེར་ལི་ཁྲུན་ཁྲེང་མཉམ་ཞུགས་བྱས་མེད་པས། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ལི་ཁྲུན་ཁྲེང་འཛིན་བཟུང་བྱས་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དངོས་སུ་འཛིན་བཟུང་བྱས་པ་ཡིན་མིན་ལ་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG